ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཐད་གཏོང་ལེ་ཚན། > སློབ་རའི་འགྱུར་ཁུགས།

སློབ་རའི་འགྱུར་ཁུགས་སྐབས༼༡༧༠༢༽འབུ་མེ་ལྕེབས།

འབུ་མེ་ལྕེབས། འོད་སྣང་དང་དྲོད་ཁོལ་འཚོལ་བའི་ཚེ་སྲོག་གི་འགྲུལ་བཞུད།

སྤེལ་དུས། 2015-04-26 13:34:28   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། བཀྲ་ཤིས་རྒྱ་མཚོ།

ཐེངས་འདིའི་སློབ་རའི་འགྱུར་ཁུགས་ཀྱི་ཐད་གཏོང་ལས་རིམ་ནང་དུ༼ང་ཡི་ལང་ཚོའི་རྨི་ལམ༽ཞེས་པའི་ཚན་ཆུང་འདི་བཀོད་སྒྲིག་བྱས་ཡོད་ལ། ཚན་ཆུང་འདིའི་ནང་དུ་ཨ་ནུ་དཔེ་ཚོགས་ཀྱི་བྱིས་སྒྲུང་དཔེ་རིས་དེབ་ཕྲེང་མ་ལས༼འབུ་མེ་ལྕེབས༽ཞེས་པའི་བྱིས་སྒྲུང་གི་ངོས་ཐད་ནས་ཁ་བརྡ་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་༼འབུ་མེ་ལྕེབས༽ཞེས་པའི་བྱིས་སྒྲུང་གི་རྩོམ་པ་པོ་ཁ་བ་སྙིང་ལྕགས་ལགས་ཡིན།  དེ་མིན་གཏམ་གྱི་ཞོར་ལ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་རའི་གླུ་བ་ཚེ་མཁར་རྒྱལ་དང་བཀྲ་ཤིས་རྒྱ་མཚོ་གཉིས་ཀྱང་ཐད་གཏོང་སྐུད་ལམ་དུ་ཞུགས་ནས། མགྲིན་པ་ལོངས་སྤྱོད་འཁོར་ལོའི་ངག་སྒོ་ཡངས་པར་ཕྱེས་ཏེ། སྙན་འཇེབས་ཀྱི་གཞས་ཆུང་འགའ་རྒྱ་ཆེ་གསན་མཁན་ཡོངས་ཀྱི་ཡིད་སེམས་གསོ་བའི་བདུད་རྩི་རུ་ཕུལ་ཡོད།

111111.png

འབུ་མེ་ལྕེབས། མཚན་མོ་འོད་སྣང་འཚོལ་བའི་འབུའི་རིགས་ཤིག་ཡིན།

དཔེ་རིས་དེབ་འདིར་ཀུན་ལེགས་ཞེས་པའི་གཞོན་ནུ་ཞིག་དང་འབུ་མེ་ལྕེབས་ཀྱི་ངོ་མཚར་བའི་གཏམ་རྒྱུད་བྲིས་པ་བརྒྱུད་ནས། སྐྱེ་འགྲོ་ཐམས་ཅད་ཀྱིས་བརྩེ་བའི་དྲོད་ཁོལ་ལ་རེ་ཞིང་། བརྩེ་བ་ཡིས་སྐྱེ་འགྲོ་ཀུན་ལ་སྟོབས་ཤུགས་དང་བདེ་སྐྱིད་སྩོལ་ཐུབ་པ་བརྗོད་ཡོད།

22222222.jpg

འབུ་མེ་ལྕེབས་ལ་མཁོ་བ་ནི་དྲོད་དང་འོད་སྣང་ཡིན་ངེས།

ང་ཚོ་མི་རེ་རེ་ལ་མཁོ་བ་ཡང་རེ་བ་དང་སྟོབས་ཤུགས་ཡིན་ངེས།

33333333.jpg

ང་ཚོར་ལང་ཚོ་ཡོད་པས།  ཧོལ་རྒྱུགས་བྱེད་ཕོད་ལ།

ང་ཚོར་རྨི་ལམ་ཡོད་པས། དགུང་གི་སྐར་ཆེན་ལ་ལག་བསྙབ་བྱ་རྒྱུའི་ཧམ་སེམས་བཅངས་མྱོང་།

མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ།  རྣ་བྷ།

རྒྱ་ཆེའི་དགེ་སློབ་ཡོངས་དང་དེ་མིན་ཕུགས་བསམ་དང་རྨི་ལམ་གྱིས་ཕྱུག་པའི་གྲོགས་དང་གྲོགས་མོ་ཡོངས་ངེད་ལེ་ཚན་ལ་ཞུགས་པར་དགའ་བསུ་ཞུ། སྒེར་གྱི་ཁ་པར་ཨང་གྲངས། 15202581289

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།