ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ་ཀན་སུའུ་ཞིང་ཆེན་ཀླུ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་རའི་གསར་འགོད་པ་པདྨ་ཚེ་རིང་དང་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མི་རིགས་བཅར་སྡོད་སློབ་གྲྭའི་སློབ་རའི་གསར་འགོད་པ་ལྷ་དཔལ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་སྒྲོལ་དཀར་སྐྱིད། མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་གི་སློབ་རའི་གསར་འགོད་པ་འབྲུག་མོ་ཐར་བཅས་ཀྱིས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་སྤེལ་ཡོད་པ་དང་། གཞན་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པའི་ནང་དུ་ཕ་ཡུལ་ཐེམ་ཆེན་གྱི་དགེ་རྒན་སྟག་སེང་ཐར་ལགས་ཀྱིས་རང་གི་སེམས་གཏམ་གླེང་ཡོད།
ལེ་ཚན་འདིའི་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པར་ཞུགས་པའི་རྒན་སྟག་སེང་ཐར།