དེ་རིང་ལེ་ཚན་འདིའི་ནང་དུ༼ངག་འཕྲིན་གཞོན་ནུའི་སེམས་སྒྲ༽དང༼ང་ཡི་ལང་ཚོའི་རྨི་ལམ༽གཉིས་བཀོད་སྒྲིག་བྱས་ཡོད། ཚན་པ་དང་པོའི་ནང་དུ་ཁ་བྱང་ལ༼བོད་ཀྱི་སློབ་ཆེན་པའི་སྡེ་ལ་གཞི་བཅོལ་ཏེ་སྐད་ཡིག་གི་གནས་བབ་སྐོར་གླེང་བ༽ཞེས་པའི་བཅར་འདྲི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཆབ་སྲིད་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་ཞིབ་འཇུག་སློབ་མ་ལྷ་རྗེ་དཔལ་ལགས་ཡིན། ཚན་གཉིས་པའི་ནང་དུ་ཁོན་མིན་རོལ་དབྱངས་སློབ་གླིང་ན་སྐད་ངག་སྒྱུ་རྩལ་གྱི་ཕྱོགས་ལ་སློབ་གཉེར་གནང་བཞིན་པའི་གཞོན་སྐྱེས་གླུ་བ་རང་བྱུང་རྡོ་རྗེ་ཡི་ཕུགས་འདུན་གླེང་ཡོད།
ན་གཞོན་རྩོམ་པ་པོ་ལྷ་རྗེ་དཔལ། ༼གླག༽