ལེ་ཚན་འདིའི་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ༼སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་དགེ་རྒན་ཟབ་སྦྱོང་ལ་ཞུགས་པའི་མྱོང་ཚོར་དང་འབྲེལ་ཏེ་ཁྱིམ་ཚང་སློབ་གསོ་གླེང་བ༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་དང་པོའི་དགེ་རྒན་རྟ་མགྲིན་རྒྱལ། མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཕྱག་རྡོར། རྨ་ལྷོ་ཁུལ་ཧི་ནན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དཀོན་མཆོག་བསམ་གྲུབ་བཅས་ཡིན།
ཞིང་ཆེན་སློབ་གསོ་ཐིན་གྱིས་གཙོ་སྒྲུབ་བྱས་པའི་༢༠༡༦ལོའི་ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་དགེ་རྒན་གྱི་ཟབ་སྦྱོང་འཛིན་གྲྭ་མཚོ་སྔོན་མི་རིགས་སློབ་ཆེན་ནས་བསྡུས་པ།
