ཐེངས་འདིའི་ལེ་ཚན་གྱི་ནང་དུ་ཚན་པ་གཉིས་བཀོད་སྒྲིག་བྱས་ཡོད་ལ། ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ནང་དུ་དྲ་ལམ་གྱི་གསར་འགྱུར་སྒྲོག་འདོན་དང་སྔོན་གྱི་སློབ་རའི་གསར་འགོད་པ་རིན་ཆེན་ནོར་བུས་སྐུད་ལམ་ནས་རང་དང་སློབ་ར་གཅིག་པའི་སློབ་གྲོགས་འགའི་གྲུབ་པའི་ཟབ་སྦྱོང་གི་གནས་ཚུལ་སྐོར་རྒྱ་ཆེའི་ཉན་མཁན་ཚོའི་སྙན་ལམ་དུ་ཕུལ་ཡོད། ཚན་པ་གཉིས་པ་ང་ཡི་ལང་ཚོའི་རྨི་ལམ་གྱི་ནང་དུ་ན་གཞོན་ཕུགས་བསམ་ཡོད་པ་ལྷག་བསམ་ལྡན་པ་དོན་གྲུབ་ཚེ་རིང་དང་སློབ་གྲོགས་དཔལ་ལྡན་ཡེ་ཤེས་གཉིས་གྱིས་སློབ་སྦྱོང་ལ་བཟུང་བའི་རྣམ་འགྱུར་ཏེ་ཡུལ་དུས་གང་དུ་སོང་ཡང་སློབ་ལ་བརྩོན་དགོས་པ་དང་། གཞན་ལ་ཕན་འདོག་པར་བསམ་པའི་ཀུན་སློང་གཙང་མའི་དེད་པའི་དགུན་གནང་གི་འཚོ་བ་གླེང་ཡོད།
སྐུ་མགྲོན་དོན་གྲུབ་ཚེ་རིང་།