ཐེངས་འདིའི་ལེ་ཚན་གྱི༼ང་ཡི་ལང་ཚོའི་རྨི་ལམ༽གྱི་ནང་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྫོང་རུ་བཅའ་སྡོད་སློབ་ཆུང་གི་དགེ་རྒན་ལྷ་མགོན་གྱིས་དགའ་ཕྱོགས་དང་ཕུགས་བསམ། ལྷན་སྐྱེས་ཀྱི་རྩལ་ནུས་བཅས་ཀྱི་གལ་ཆེན་རང་བཞིན་དང་། འདི་དག་སྐྱེད་བསྲིང་བྱེད་པའི་ཐད་དུ་ཕ་མ་དང་དགེ་རྒན། སློབ་གྲྭ་བཅས་ཀྱིས་ངེས་པར་ཐོན་དགོས་པའི་ནུས་པའི་སྐོར་ནས་ཁ་བརྡ་བྱས་ཡོད་ལ། གཞན་ཉན་མཁན་ཉི་མ་བསྟན་འཛིན་གྱིས་རང་གི་དགའ་ཕྱོགས་གླེང་བ་དང་ལྷན་སློབ་གྲྭར་འགྲོ་བའི་གོ་སྐབས་མ་བྱུང་ཡང་རིག་གནས་ལ་དུངས་བས་རང་སྦྱོང་བྱས་ཏེ་ད་ལྟ་རྒྱ་བོད་ཡིག་རིགས་གཉིས་ཀ་འབྲི་ཀློག་ཐུབ་པའི་གོ་རིམ་ཁ་བརྡ་བྱས་ཡོད།
ཐེངས་འདིའི་གདན་ཞུའི་སྐུ་མགྲོན་དགེ་རྒན་ལྷ་མགོན་ལགས།