ཐེངས་འདིའི་ལེ་ཚན་གྱི་ནང་དུ་ཚན་པ་གཉིས་བཀོད་སྒྲིག་བྱས་ཡོད། ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ནང་དུ་སློབ་ར་གཉིས་ཀྱི་གསར་འགོད་པ་ལེ་ཚན་ཐད་གཏོང་ཁང་གི་སྐུལ་ལམ་དུ་ཞུགས་ནས་རང་སློབ་གྲྭའི་གསར་འགྱུར་ཐད་བཤད་དང་མདོ་འཛིན་པས་དྲ་ལམ་གྱི་གསར་འགྱུར་གསུམ་སྒྲོག་འདོན་བྱས་ཡོད། གཞན༼ངག་འཕྲིན་གཞོན་ནུའི་སེམས་སྒྲའི༽ནང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་གྱི་ལིང་འཇིགས་མེད་དང་སློབ་མ་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་གཉིས་གྱིས་ཁོར་ཡུག་སྲུང་སྐྱོབ་གྱི་གལ་ཆེན་རང་བཞིན་དང་། རང་སློབ་གྲྭ་ནས་སྤེལ་བའི་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་གྱི་ཐད་ནས་ཁ་བརྡ་བྱས་ཡོད།