ཐེངས་འདིའི་ལེ་ཚན་གྱི་ནང་དུ་ཚན་པ་གཉིས་བཀོད་སྒྲིག་བྱས་ཡོད་ལ། ཚན་པ་དང་པོ་ང་ཡི་ལང་ཚོའི་རྨི་ལམ་གྱི་ནང་དུ་རྒྱལ་ཡོངས་བོད་ཀྱི་སློབ་གྲྭ་ཆེན་མོའི་རྩོམ་ཡིག་འགྲན་བསྡུར༼ཀྲུང་གོའི་འདུན་མ། ང་ཡི་གདམ་ག༽ཞེས་པའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་སློབ་གྲོགས་ལྷ་ལུང་རྒྱ་མཚོ་དང་། ཨང་གཉིས་པ་ཐོབ་མཁན་གྱི་སློབ་གྲོགས་བོན་སྐོར་དོན་གྲུབ་ཚེ་རིང་གཉིས་ལེ་ཚན་ཐད་གཏོང་ཁང་གི་སྐུད་ལམ་དུ་གདན་ཞུ་བྱས་ཏེ་ཁ་བརྡ་བྱས་ཡོད།
ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ལྷ་ལུང་རྒྱ་མཚོ་ལགས།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་བོན་སྐོར་དོན་གྲུབ་ཚེ་རིང་ལགས།