ཐེངས་འདིའི་ལེ་ཚན་གྱི་ནང་དུ་ཚན་པ་གཉིས་བཀོད་སྒྲིག་བྱས་ཡོད་ལ། ཚན་པ་དང་པོ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ནང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་གྱི་ལིང་འཇིགས་མེད་ལགས་སྐུད་ལམ་དུ་གདན་ཞུ་བྱས་ཏེ། ༼དཔེ་ཀློག་ཟིན་བྲིས་འགོད་སྟངས་དང་དེའི་དགེ་མཚན་༽ཞེས་པ་ཁ་བྱང་བྱས་ཏེ་འཆད་ཁྲིད་གནང་ཡོད། ཚན་པ་གཉིས་པ་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ནང་དུ་མཚོ་སྔོན་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་གྲོགས་བསོད་ནམས་ཚེ་བརྟན་རྡོ་རྗ་ཡིས་རང་གི་འཚོ་བ་དང་སྦྱར་ནས་སློབ་ཆེན་སློབ་མའི་སེམས་ཁམས་དང་བསྟུན་པའི་ཁ་བརྡ་བྱས་ཡོད།
གྱི་ལིང་འཇིགས་མེད་ནི་སྤྱི་ལོ༡༩༨༣ལོའི་ཟླ༡ཚེས༡༧ཉིན་མདོ་སྨད་ཨ་མཆོག་གྱི་ལིང་རྒྱལ་བཞེར་དུ་སྐྱེས་ལ། ཆུང་དུས་སློབ་གྲྭ་ཆུང་འབྲིང་འགྲིམས་ཤིང་རང་ལོ་བཅུ་