སྤེལ་དུས།2016.04.29 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

ལེ་ཚན་འདི་ཚན་པ་གསུམ་དུ་བཀར་ཡོད་པ་དང་། ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་རའི་གསར་འགོད་པ་རྟ་མགྲིན་རྒྱལ་དང་། མགོ་ལོག་ཁུལ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བརྟན་གཉིས་ཀྱིས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་སློབ་རའི་གསར་འགྱུར་སྤེལ་བ་དང་། ཚན་པ་གཉིས་པ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ༼མཐོ་རྒྱུགས་བྱ་བའི་གྲ་སྒྲིག་སྐོར་གླེང་བ༽ཞེས་པའི་ཁག་གསུམ་པ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གྲོགས་གསང་བདག་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ལྷ་རྒོད་སྐྱབས་གཉིས་ཡིན། གཞན་འག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པའི་ནང་དུ་སློབ་གྲོགས་པདྨ་ཚེ་རིང་ཞུགས་ནས་རང་གི་ཆེད་ལས་དང་འབྲེལ་བའི་སེམས་གཏམ་བརྗོད་ཡོད།

456D031B01AE158635A731D5D3F6C7F7.jpg

ལྷོ་ནུ

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།