ཐེངས་འདིའི་ལེ་ཚན་གྱི་ནང་དུ་ཚན་པ་གཉིས་བཀོད་སྒྲིག་བྱས་ཡོད་ལ། ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ནང་དུ་སློབ་ར་རེ་གཉིས་ཀྱི་སློབ་རའི་གསར་འགོད་པ་སྐུད་ལམ་དུ་ཞུགས་པ་དང་དྲ་ལམ་གྱི་གསར་འགྱུར་གསུམ་མདོ་འཛིན་པས་བཤད་ནས་གཟའ་འཁོར་གཅིག་རིང་གི་སློབ་རའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད། སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ནང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྟ་བྲག་དྭ་ཕྲུག་སློབ་གྲྭའི་དགེ་རྒན་འཇམ་དབྱངས་མཁྱེན་རབ་གྱིས༼ཁྲིད་ཐབས་གསར་བ་རིགས་ལམ་རི་མོ༽ཞེས་པ་ཁ་བྱང་བྱས་ཏེ་འཆད་བྱས་ཡོད།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཐོན་མིའི་ཞིབ་འཇུག་གླིང་གིས་འཆད་ཁྲིད་ཐོན་མིའི་དགོངས་རྒྱན་ཐེངས་གཉིས་པ་སྤེལ་ཞིང་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་མཆོག་གིས་འཆད་ཁྲིད་གནང་བ།
