ལེ་ཚན་འདི་ཚན་པ་གསུམ་དུ་བཀར་ཡོད་པ་དང་། ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བརྟན་གྱིས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་སྤེལ་ཡོད་པ་དང་། ཚན་པ་གཉིས་པ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ༼མཐོ་རྒྱུགས་བྱ་བའི་གྲ་སྒྲིག་སྐོར་གླེང་བ༽ཞེས་པའི་ཆེད་སྒྲིག་ལེ་ཚན་གྱི་ཁག་བཞི་བ་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་མཚོ་ནུབ་ཁུལ་གཏེར་ལམ་རྫོང་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཚེ་འབྲུག་རྒྱལ་ཡིན། གཞན་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པ་བཅས་བཀོད་སྒྲིག་བྱས་ཡོད།
མགོ་ལོག་ཁུལ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་ནས་ལྔ་བཞི་གཞོན་ནུའི་ལུས་རྩལ་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།
༥.༡༢རྒྱལ་སྤྱིའི་སྨན་ཞབས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཀྱི་མཛད་སྒོ་དང་བུན་ཁྲོན་ས་འགུལ་ལ་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་བ།
གོང་གི་པར་འདི་དག་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བརྟན་གྱིས་འདོན་སྤྲོད་བྱས།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་ནུབ་ཁུལ་གཏེར་ལམ་རྫོང་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཚེ་འབྲུག་རྒྱལ།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཨ་བརྟན་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་སྐད་འཕྲིན་ཨང་གྲངསnjj169682 ལ་འབྲེལ་རྒྱུ་དང་ཡང་ན་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་བཀོད་ཆོག གཞུང་སྒྲུབ་ཁང་གི་ཁ་པར་ཨང་གྲངས།09716329322