ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ༼དཔེ་ཀློག་དང་བརྩམས་ཆོས༽ཞེས་པའི་ཆེད་སྒྲིག་ལེ་ཚན་གྱི་ཁག་དང་པོ་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་སྲིད་གྲོས་སློབ་གསོ་ཚན་རྩལ་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྒན་གཅན་རོང་བསྟན་འཛིན་ལགས་ཡིན། གཞན་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པ་བཅས་བཀོད་སྒྲིག་བྱས་ཡོད།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་རྒན་གཅན་རོང་བསྟན་འཛིན།
རྒན་གཅན་རོང་བསྟན་འཛིན་གྱིས་བརྩམས་པའི༼སྒྲུང་འབྲེལ་སློབ་ཁྲིད་སྐོར༽ཞེས་པའི་དཔེ་ཆ།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་སྐད་འཕྲིན་ཨང་གྲངསnjj169682 ལ་འབྲེལ་རྒྱུ་དང་ཡང་ན་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་བཀོད་ཆོག གཞུང་སྒྲུབ་ཁང་གི་ཁ་པར་ཨང་གྲངས།09716329322