ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་རའི་གསར་འགོད་པ་ལྷ་དཔལ་རྒྱལ་གྱིས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་སྤེལ་ཡོད་པ་དང་། ཚན་པ་གཉིས་པ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ༼མཐོ་རྒྱུགས་བྱ་བའི་གྲ་སྒྲིག་སྐོར་གླེང༽ཞེས་པའི་ཁག་དྲུག་པ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་གཙན་ཚ་རྫོང་སློབ་སྡུད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དོ་རྒྱ་བསོད་ནམས་ཚེ་རིང་དང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སྡེ་ཁག་གི་སློབ་གྲོགས་གཡང་མཚོ་རྒྱལ་གཉིས་ཡིན།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་གཅན་ཚ་རྫོང་སློབ་སྡུད་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་རྒན་དོ་རྒྱ་བསོད་ནམས་ཚེ་རིང་།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སྡེ་ཁག་གི་སློབ་གྲོགས་གཡང་མཚོ་རྒྱལ།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། བོང་སྟག་རི་ལུ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་སྐད་འཕྲིན་ཨང་གྲངསnjj169682 ལ་འབྲེལ་རྒྱུ་དང་ཡང་ན་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་བཀོད་ཆོག གཞུང་སྒྲུབ་ཁང་གི་ཁ་པར་ཨང་གྲངས།09716329322