ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་སློབ་གསོ་མཁའ་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ༼གཞོན་སྐྱེས་གློག་བརྙན་སྐད་སྦྱོར་བ་ཞིག་གི་དགོད་བྲོའི་བརྙན་ཐུང་དང་དེའི་འཕེལ་རྒྱས་ཀྱི་ལམ་བུ༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་གདན་ཞུའི་སྐུ་མགྲོན་ཟི་ལིང་ལྷ་མཚོ་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་ཀྱི་སྐད་སྦྱོར་བ་ཚེ་མཁར་རྒྱལ་དང་མཚོ་སྔོན་ལྷུན་པོ་གློག་བརྙན་རིག་གནས་བརྙན་བྱད་ཚད་ཡོད་ཀུང་ཟིའི་སྐད་སྦྱོར་བ་ཀུན་གྲུབ་ཚེ་རིང་གཉིས་ཡིན། གཞན་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པ་བཅས་བཀོད་སྒྲིག་བྱས་ཡོད།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་དགོད་བྲོའི་བརྙན་ཐུང་སྐད་སྦྱོར་བ་ཚེ་མཁར་རྒྱལ༼གཡས༽དང་ཀུན་གྲུབ་ཚེ་རིང༼དཀྱིལ༽གཉིས།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་སྐད་འཕྲིན་ཨང་གྲངསnjj169682 ལ་འབྲེལ་རྒྱུ་དང་ཡང་ན་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་བཀོད་ཆོག གཞུང་སྒྲུབ་ཁང་གི་ཁ་པར་ཨང་གྲངས།09716329322