སྤེལ་དུས།2016.06.24 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་པ་དང་།  ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ཚན་པའི་ནང་དུ་མགོ་ལོག་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བརྟན་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་སྒྲོལ་དཀར་སྐྱིད། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་པདྨ་སྙིང་འབུམ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་རའི་གསར་འགོད་པ་གཡང་སྐྱབས་རྒྱལ་སོགས་ཀྱིས་སློབ་ར་སོ་སོའི་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་སྤེལ་ཡོད་པ་དང་།  ཚན་པ་གཉིས་པ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ་དཔེ་ཀློག་དང་བརྩམས་ཆོས་ཞེས་པའི་ཁག་བཅུ་གཅིག་པ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་དེང་རབས་བོད་ཀྱི་རྩོམ་པ་པོའམ་སྙན་ངག་པ་སེང་རྡོར་ལགས་ཡིན།

1491E39DBF4B03D856939B22D0DC4A6E.jpg

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་དེང་རབས་བོད་ཀྱི་རྩོམ་པ་པོའམ་སྙན་ངག་པ་སེང་རྡོར།

9C4C2503DEFF009A8901C4EF205AA8AE.jpg

སེང་རྡོར་ལགས་ཀྱིས་བརྩམས་པའི་དཔེ་དེབ་གསུམ།

7CD687ECD6CBD0F280F6F1DA399E312B.jpg

དཔལ་ལྡན་རྒྱ་མཚོའི་སྒེར་དེབ་འགྲེམ་སྤེལ་མཛད་སྒོ་དང་རྩོམ་རིག་གསར་རྩོམ་བགྲོ་གླེང་ཚོགས་འདུའི་ཡུལ་དངོས།

90C23DDE55C8C7B4E7C19C98DC1A53BE.jpg

རྩོམ་པ་པོ་དཔལ་ལྡན་རྒྱ་མཚོའམ་མདོ་སྨད་ཧེ་རི་ཀས་རང་ཉིད་ཀྱི་བརྩམས་ཆོས་མཚམས་སྦྱོར་བྱེད་པ།

EC2B3E0828728690AC1170BE55C38060.jpg

དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

གོང་གི་པར་འདི་དག་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་སྒྲོལ་དཀར་སྐྱིད་ཀྱིས་འདོན་སྤྲོད་བྱས།

018EC8C6C9E71F361471D114E7C08BCF.jpg

ཨ་མདོ་བརྙན་འཕྲིན་ཁང་གི་འཆད་ཁྲིད་མུན་སེལ་སྒྲོལ་མེ་ལེ་ཚན་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དུ་སྤེལ། འཆད་ཁྲིད་མཁན་སློབ་གཙོ་སྨན་རམས་པ་ཚུལ་ཁྲིམས་དར་རྒྱས།

C60831BCCF9B74298E7F4B25E7CB20D6.jpg

མགོ་ལོག་ཁུལ་དཔེ་མཛོད་ཁང་དང་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གཉིས་ཀྱིས་མཉམ་བསྒྲུབ་བྱས་པའི༼བོད་ལུགས་གསོ་བ་རིག་པའི་ཤེས་རིག་འགྲན་གླེང་༽སྐབས་བདུན་ཅུ་པའི་ཡུལ་དངོས།

F7DB88BA20E7BC2C616108121528FCD0.jpg

ཐེངས་འདིའི་བོད་ལུགས་གསོ་བ་རིག་པའི་ཤེས་རིག་འགྲན་གླེང་གི་བྱ་དགའ་ཐོབ་པའི་སློབ་མ་རྣམས།

གོང་གི་པར་འདི་དག་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བརྟན་གྱིས་འདོན་སྤྲོད་བྱས།

476EBA553E6FE0B922F9E38FF094FBDB.jpg

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་༢༠༡༦ལོའི་དབྱངས་ཅན་མགྲིན་སྒྲའི་སྙན་ངག་གྱེར་འདོན་འགྲན་སྡུར།

5BCAE05801257E2F9E146FA753790055.jpg

ཐེངས་འདིའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་སློབ་བུ་མཁའ་འགྲོ་རྒྱལ།

མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་སྐད་འཕྲིན་ཨང་གྲངསnjj169682 ལ་འབྲེལ་རྒྱུ་དང་ཡང་ན་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་བཀོད་ཆོག གཞུང་སྒྲུབ་ཁང་གི་ཁ་པར་ཨང་གྲངས།09716329322

 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།