ལེ་ཚན་འདིའི་ཚན་པ་དང་པོ་ང་ཡི་ལང་ཚོའི་རྨི་ལམ་གྱི་ནང་དུ་ཁྱུང་ཆེན་བརྙན་གླིང་གི་ལས་བཟོ་བ་བརྩོན་འགྲུས་རྒྱ་མཚོས་རང་གི་དགའ་ཕྱོགས་དང་ཕུགས་བསམ་གྱིས་དེད་པའི་ལམ་ཁ་གླེང་ཡོད་ལ། ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ནང་དུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས་རྣམ་རྒྱལ་མཚོས་དབྱར་གནང་སྐབས་ཀྱི་རང་གི་འཚོ་བའི་འཆར་གཞི་དང་རང་སློབ་གྲྭས་གཙོ་སྒྲུབ་གནང་བའི་གཞི་རིམ་དུ་སྐད་གཉིས་སློབ་གསོའི་གནས་བབ་ཉམས་ཞིབ་དུ་དགེ་རྒན་དཔལ་མོ་གཙོའི་མདོ་དབུས་ཁམས་གསུམ་གྱི་སློབ་གྲོགས་འགའ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྩྭ་ཐང་བུ་མོའི་སློབ་གྲྭར་སོང་བའི་གནས་ཚུལ་ལམ་མཐོང་ཐོས་ཁ་བརྡ་བྱས་ཡོད།
ང་ཡི་ལང་ཚོའི་རྨི་ལམ་གྱི་སྐུ་མགྲོན་སྦྲ་རྒན་བརྩོན་འགྲུས་རྒྱ་མཚོ།
གློག་བརྙན་ཕབ་སྐྲུན་ཡུལ་དངོས་ན་འཁྲབ་སྲོན་ཐོ་འགོད་ཀྱི་ལས་གཉེར་བཞིན་པ།
ལྷིང་འཇགས་ལ་དགའ་ཞིང་རྩོམ་རིག་ལ་དུངས་བའི་བོད་པའི་བུ་མོ་རྣམ་རྒྱལ་མཚོ།
དགེ་རྒན་དཔལ་མོས་སློབ་གྲོགས་ཚོར་བདེ་ཐང་དང་འཕྲོད་བསྟེན་ཐད་ཀྱི་ཁ་བརྡ་བྱེད་བཞིན་པ།
ཐེངས་འདིའི་བྱ་འགུལ་དུ་ཞུགས་པའི་མཉམ་པར།
རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ །
ཁྲིད་གཏོང་བ། ལྷ་སྒྲོན་སྐྱིད།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་ནQQ 1834307929ནང་དུ་སྐུར་རྒྱུ་དང་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线 >>栏目