ལེ་ཚན་འདིའི་ཚན་པ་དང་པོ་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ནང་དུ་དགེ་རྒན་འཕགས་པ་ཚེ་རིང་གིས་རང་གི་ཡུལ་ཕྱོགས་ཏེ་རིག་སྨོན་ཡུལ་གྱི་སློབ་མ་ཚོའི་དབྱར་གནང་སྐབས་སུ་རང་གི་རྨིང་གཞི་ཇེ་བརྟན་དང་སློབ་གྲོགས་ཕན་ཚུན་བར་འབྲེལ་འདྲིས། སློབ་གྲྭ་སོ་སོའི་སློབ་རའི་འཚོ་བར་རྒྱུས་ལོན་བྱེད་པ་སོགས་ལ་གཞིགས་ནས་རང་སྡེ་བ་རུ་ཟབ་སྦྱོང་བྱེད་ས་ཞིག་བསྒྲུབས་པའི་སྐོར་ཁ་བརྡ་དང་དྷཱིཿ་ཚ་དགོན་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་གླིང་གི་ཨ་ཁུ་བསྟན་འཛིན་ཤེས་རབ་གྱིས་ཐེངས་འདིའི་རིག་སྨོན་ཡུལ་གྱི་ཟབ་སྦྱོང་གོ་རིམ་ལས་སློབ་ར་དང་དགོན་སྡེའི་སློབ་གསོའི་ཁྱད་ཆོས་ཞིབ་བསྡུར་དང་སློབ་མའི་རྨང་གཞིའི་ཤེས་བྱའི་བག་ཆགས་ཀྱི་སྐོར་ཁ་བརྡ་བྱས་ཡོད།
ཐེངས་འདིའི་སྐུ་མགྲོན་སྨན་པ་འཕགས་པ་ཚེ་རིང་།
ཨ་ཁུ་བསྟན་འཛིན་ཤེས་རབ།
སློབ་གཉེར་བ་ས་གང་དུ་སོང་ཡང་གང་དུ་བསྡད་ཀྱང་དཔེ་ཆ་དང་ཁ་མི་བྲལ།
ང་བོད་པའི་བུ་ཡིས་བོད་ལྭ་གྱོན།། ནངས་སྔ་མོར་ལངས་ནས་དཔེ་ཆ་ཀློག།
རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ །
ཁྲིད་གཏོང་བ། ལྷ་སྒྲོན་སྐྱིད།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་བ་དང། ལེ་ཚན་དང་མི་སྒེར་གང་རུང་ལ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པའམ་ཡང་ན་སྐད་འཕྲིན3241895508འདིའི་ནང་དུ་འཕྲིན་ཡིག་བཞག་ཆོག།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线 >>栏目