ལེ་ཚན་འདིའི་ཚན་པ་དང་པོ་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ནང་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཞོལ་མ་ཞང་གི་ཚེ་བརྟན་རྒྱལ་གྱིས་ཁོང་སྲིད་པ་རྒན་པོ་དམངས་སྲོལ་རིག་གནས་འཚོལ་བསྡུ་ཚོགས་པའི་སྤྱིའི་གནས་ཚུལ་དང་ཐེངས་འདིའི་འུར་ཆའི་བཟོ་རྩལ་དང་འུར་རྡོའི་རིག་གནས་ཞེས་པའི་འགྲན་བསྡུར་ཁྲོད་ཀྱི་མྱོང་བ། གཞན་ཨེ་འགོག་འཕྲོད་བསྟེན་གླིང་གིས་ཟས་རིགས་འཕྲོད་བསྟེན་དང་ཨེ་འགོག་རྒྱུན་ཤེས། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཀུན་ཕན་བྱ་བ་བསྒྲུབས་པའི་གནས་ཚུལ་སོགས་ཀྱི་ཐད་ནས་ཁ་བརྡ་བྱས་ཡོད།
ཐེངས་འདིའི་གདན་ཞུའི་སྐུ་མགྲོན་ཚེ་བརྟན་རྒྱལ།
རྒྱ་ཆེའི་བུད་མེད་ཚོར་ཨེ་འགོག་དང་འཕྲོད་བསྟེན་གྱི་ཤེས་བྱ་བརྒྱུད་སྒྲོག་བྱེད་བཞིན་པ།
སློབ་རའི་གླིང་དུ་ཟས་རིགས་འཕྲོད་བསྟེན་གྱི་ཁ་བརྡ་བྱེད་བཞིན་པ།
སྲིད་པ་རྒན་པོ་དམངས་སྲོལ་རིག་གནས་འཚོལ་བསྡུ་ཚོགས་པས་བསྒྲུབས་པའི༼འུར་ཆ་བཟོ་རྩལ་དང་འུར་རྡོའི་རིག་གནས༽ཞེས་བྱ་འགུལ་ཁྲོད་ཀྱི་འུར་ཆ།
འུར་ཐག་ཁྲ་བོ་ལག་ཏུ་ཕྱར།། འུར་རྡོ་ཆུ་མིག་དགུ་སྒྲིལ་བསྐྲད།།
རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ །
ཁྲིད་གཏོང་བ། དགྲ་འདུལ་རྡོ་རྗེ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་བ་དང། ལེ་ཚན་དང་མི་སྒེར་གང་རུང་ལ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པའམ་ཡང་ན་སྐད་འཕྲིན3241895508འདིའི་ནང་དུ་འཕྲིན་ཡིག་བཞག་ཆོག།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线 >>栏目