ལེ་ཚན་འདིའི་ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ནང་དུ་སློབ་ར་ཆེ་འབྲིང་ཆུང་གསུམ་གསུམ་གྱི་སློབ་རའི་གསར་འགོད་པ་ཐད་གཏོང་སྐུད་ལམ་དུ་ཞུགས་ཏེ་རང་སློབ་གྲྭའི་གསར་འགྱུར་ཐད་བཤད་བྱས་རྒྱུ་དང་། དྲ་ལམ་གསར་འགྱུར་གཉིས་མདོ་འཛིན་པས་སྒྲོག་འདོན་བྱས་ཡོད། ཚན་པ་གཉིས་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ནང་དུ་དགེ་རྒན་དུས་ཆེན་ལ་བསྐུར་ཡོང་བའི་བཀྲ་ཤིས་ཁ་གཡང་དང་ཤིས་ཚིག་བཏོན་ཡོད་པ་དང་། གཞན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་རིག་འཛིན་ཐར་གྱིས་རང་ཉིད་དྲིན་གྱིས་བསྐྱངས་ཡོང་བའི་དགེ་རྒན་ཡོངས་ལ་བཀའ་དྲིན་ཞུ་དང་དུས་ཆེན་ལ་གླུ་དབྱངས་ཀྱི་ལེགས་སྐྱེས་ཕུལ་ཡོད།
མགོ་ལོག་ཁུལ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སྐབས་བཅུ་བཞི་པའི་བཀྲ་ཤིས་ཞོ་སྟོན་གྱི་བྱ་འགུལ།
སློབ་མ་ཚོས་རང་གི་དགེ་རྒན་རྣམ་པར་དུས་ཆེན་ལ་ལེགས་སྐྱེས་ཕུལ་བ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་བ་དང། ལེ་ཚན་དང་མི་སྒེར་གང་རུང་ལ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པའམ་ཡང་ན་སྐད་འཕྲིན3241895508འདིའི་ནང་དུ་འཕྲིན་ཡིག་བཞག་ཆོག།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线 >>栏目