ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་སློབ་རའི་གསར་འགྱུར་གྱི་ཚན་པའི་ནང་དུ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བསྟན་གྱིས་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་སྤེལ་ཡོད་པ་དང་། ཚན་པ་གཉིས་པ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་གི་ཚན་པའི་ནང་དུ༼དུང་རིག་གནས་མཐུན་ཚོགས་དང་རིག་ལམ་ཀུན་གྲོལ་དུས་དེབ༽ཅེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་གདན་ཞུའི་སྐུ་མགྲོན་དུས་དེབ་གཙོ་སྒྲིག་པ་སློབ་གྲོགས་སོ་དུང་ཆོས་དཔལ་དང་དོན་གྲུབ་རྒྱ་མཚོ་གཉིས་ཡིན།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སྤྱི་ལོ༢༠༡༦ལོའི་རྒྱལ་ཡོངས་དགེ་རྒན་དུས་ཆེན་དང་སློབ་གྲོགས་གསར་བ་བསུ་བའི་རིག་རྩལ་དགོང་ཚོགས་ཀྱི་མཛད་སྒོ།
སློབ་གྲོགས་རྣམས་ཀྱིས་དམག་རྩལ་སྦྱོང་བསྡུར་བྱེད་བཞིན་པའི་རྣམ་པ།
དུང་རིག་གནས་ཁྱབ་སྤེལ་མཐུན་ཚོགས་དབུ་བརྙེས་པའི་མཛད་སྒོ།
དཔེ་དེབ་རྩོམ་སྒྲིག་བྱེད་བཞིན་པ།
རིག་ལམ་ཀུན་གྲོལ་དུས་དེབ་རིན་མེད་གཟིགས་འབུལ་བྱས་པ།
དུང་རིག་གནས་ཁྱབ་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སློབ་གྲོགས་སོ་དུང་ཆོས་དཔལ༼དཀྱིལ༽དང་ཚོགས་གཙོ་གཞོན་པ་སློབ་གྲོགས་དོན་གྲུབ་རྒྱ་མཚོ༼གཡས༽གཉིས་ཀྱིས་ཐད་གཏོང་ཁང་དུ་ཁ་བརྡ་བྱེད་བཞིན་པ།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་སྐད་འཕྲིན་ཨང་གྲངསnjj169682 ལ་འབྲེལ་རྒྱུ་དང་ཡང་ན་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་བཀོད་ཆོག གཞུང་སྒྲུབ་ཁང་གི་ཁ་པར་ཨང་གྲངས།09716329322