ཐེངས་འདིའི་ལེ་ཚན་ཚན་པ་གསུམ་དུ་བཀར་ཡོད། ཚན་པ་དང་པོ༼སློབ་རའི་གསར་འགྱུར་སྐུད་ལམ༽ནང་དུ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བརྟན་དང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་པདྨ་སྙིང་འབུམ་གཉིས་ཞུགས་ཡོད། ཚན་པ་གཉིས་པ༼སློབ་གསོ་མཁས་བརྒྱའི་དཔྱད་གླེང༽ནང་དུ་ཁ་བྱང་ལ༼ཁྱེའུ་དུས་སློབ་གསོའི་སྐོར་གྱི་བསམ་ཚུལ་འགའ༽ཞེས་པའི་འཆད་ཁྲིད་ཅིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྩེ་གཞུང་དཀྱིལ་སྙིང་སློབ་གྲྭའི་དགེ་རྒན་འབུམ་པ་རྒྱལ་ལགས་ཡིན།
- གཤམ་དུ་བཀོད་པ་ནི་གངས་ལྗོངས་དར་རྒྱས་སྨན་རྩིས་སློབ་གླིང་གི་གསར་འགྱུར་ཡིན། ༼གསར་འགོད་པ། བཀྲ་ཤིས་རབ་བརྟན།༽
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་ལོ་གཅིག་གི་བྱ་བའི་སྤྱི་བསྡོམས་ཚོགས་འདུ།
སློབ་གླིང་གི༼སྐབས་༧༢པའི་ཤེས་རིག་འགྲན་གླེང་༽སྤེལ་བའི་ཡུལ་དངོས།
དཔེ་ཀློག་ཕུལ་བྱུང་གི་མཚན་བྱང་ཐོབ་པའི་སློབ་གྲོགས་གསུམ།
- གཤམ་དུ་བཀོད་པ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགྱུར་ཡིན། ༼གསར་འགོད་པ། པདྨ་སྙིང་འབུམ། པར་པ། རྭ་རྒྱ་བཟོད་པ།༽
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལུས་རྩལ་འགྲན་ཚོགས་སྤེལ་བ།
རུ་དར་གྱིས་བརྒྱན་པའི་གངས་ལྗོངས་ཀྱི་ལང་ཚོ།
རྒྱལ་ཁ་མདུན་ན་ཡོད། རྩལ་ཤུགས་ལུས་ན་ཡོད།
འཛུམ་མདངས་དེ་ཡིད་ཆེས་ཤིག་ཡིན། གཟེངས་རྟགས་དེ་གཟི་བརྗིད་ཅིག་ཡིན།
- འབུམ་པ་རྒྱལ། སྨྱུག་མིང་ཏཱ་ན་འབྲོག་ཕྲུག ལོ་རབས་བརྒྱད་བཅུ་བའི་དཀྱིལ་ཙམ་ལ་རེབ་གོང་མདོ་བ་འབྲོག་ནས་སྐྱེས། སྔ་ཕྱིར་རྨ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་སྦྲགས་ཁྲིད་འཛིན་གྲྭ་བཅས་ནས་སློབ་མཐར་ཕྱིན། ད་ལྟ་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྩེ་གཞུང་དཀྱིལ་སྙིང་སློབ་གྲྭ་རུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད་ཅིང་། ད་ལྟའི་བར་སློབ་གསོའི་སྐོར་གཙོ་བོར་གྱུར་བའི་འབོལ་རྩོམ་དང་བསྒྱུར་རྩོམ་བརྒྱ་ལ་ཉེ་བ་བྲིས་ཡོད།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཨ་བརྟན་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།