ལེ་ཚན་འདིའི་ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་གྱི་ནང་དུ་དྲ་ལམ་གྱི་གསར་འགྱུར་གསུམ་མདོ་འཛིན་པས་སྒྲོག་འདོན་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་སགར་འགོད་པ་བཀྲ་ཤིས་རབ་བརྟན་དང་ལས་རིགས་ལག་རྩལ་སློབ་གྲྭའི་གསར་འགོད་པ་ལྷ་སྐྱབས་རྒྱལ་གཉིས་ཀྱིས་སྐུད་ལམ་ནས་གསར་འགྱུར་བསྒྲགས་ཡོད།
འཛིན་གྲྭ་སོ་སོ་ལས་གདམས་ཐོན་བྱུང་བའི་འགྲན་ཞུགས་མི་སྣ་དག
བློ་རིག་གློག་དམར་འཁྱུག་འཁྱུག་དང་ཁ་ལྕེ་མེ་ལྕེ་འབར་འབར་གྱིས་ཐེངས་འདིའི་ཤེས་རིག་འགྲན་གླེང་ཁྲོད་གྲུབ་འབྲས་ལོན་མཁན་གྱི་ཕུལ་བྱུང་འཛིན་གྲྭའི་འཛིན་གཙོ་དང་ཨང་དང་པོ་གཉིས་པ་གསུམ་པ་ཐོབ་མཁན་གྱི་སློབ་གྲོགས་དག
གོང་དུ་བཀོད་པའི་པར་ནི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བརྟན་གྱིས་འདོན་སྤྲོད་བྱས།
ཤེས་བྱ་འགྲན་བསྡུར་གྱི་ཡུལ་དངོས།
བྱ་དགའ་ཐོབ་པའི་སློབ་མ་དང་དགེ་རྒན་རྣམས་ཀྱི་མཉམ་པར།
སློབ་རའི་གསར་འགོད་པ་ལྷ་སྐྱབས་རྒྱལ་གྱིས་འདོན་སྤྲོད་བྱས།
རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ །
ཁྲིད་གཏོང་བ། བསམ་འགྲུབ་འཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་བ་དང། ལེ་ཚན་དང་མི་སྒེར་གང་རུང་ལ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པའམ་ཡང་ན་སྐད་འཕྲིན3241895508འདིའི་ནང་དུ་འཕྲིན་ཡིག་བཞག་ཆོག།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线 >>栏目