ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་པ་དང་། ཚན་པ་དང་པོ་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པའི་ནང་དུ་ས་ཁུལ་མི་གཅིག་པའི་གཞི་རིམ་གྱི་དགེ་རྒན་རྣམ་པ་གསུམ་ལ་བཅར་འདྲི་བྱས་ཏེ་སྔོན་ཆད་རང་ཉིད་སློབ་མ་ཡིན་དུས་ཀྱི་སློབ་གསོའི་ཁོར་ཡུག་དང་འབྲེལ་ནས་ད་སྐབས་ཀྱི་སློབ་གསོའི་འཕེལ་རྒྱས་གླེང་ཡོད། གདན་ཞུའི་སྐུ་མགྲོན་གསུམ་ནི་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་ཚེ་དབང་བསམ་འགྲུབ་དང་། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞིང་བཅའ་སྡོད་སློབ་ཆུང་གི་དགེ་རྒན་ཏྰ་རེ་སྐྱབས། རྩེ་ཁོག་རྫོང་སྟོབས་ལྡན་ཞིང་ལུང་བཟང་སློབ་ཆུང་གི་དགེ་རྒན་ཀླུ་ཐར་རྒྱལ་བཅས་ཡིན། གཞན་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པ་བཅས་བཀོད་སྒྲིག་བྱས་ཡོད།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་ཚེ་དབང་བསམ་འགྲུབ།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་བཅའ་སྡོད་སློབ་ཆུང་གི་དགེ་རྒན་ཏྰ་རེ་སྐྱབས།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་བརྡལ་ལུང་བཟང་སློབ་ཆུང་གི་དགེ་རྒན་ཀླུ་ཐར་རྒྱལ།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཨ་བརྟན་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་སྐད་འཕྲིན་ཨང་གྲངསnjj169682 ལ་འབྲེལ་རྒྱུ་དང་ཡང་ན་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་བཀོད་ཆོག གཞུང་སྒྲུབ་ཁང་གི་ཁ་པར་ཨང་གྲངས།09716329322