【སློབ་རའི་གསར་འགྱུར་སྐུད་ལམ】ཚན་པ་འདིའི་ནང་དུ་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་རའི་གསར་འགོད་པ་གཡང་སྐྱབས་རྒྱལ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་ཁྲང་མེ་སྐྱིད་གཉིས་ཀྱིས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་གསར་འགྱུར་སྤེལ་ཡོད།
【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་མཚོ་སྔོན་སློབ་ཆེན་གྱི་སློབ་རའི་གླུ་བ་བསོད་ནམས་བཀྲ་ཤིས་དང་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ལྷ་མཚོའི་འབྱུང་ཡུལ་གླུ་གར་ཚོགས་པའི་གླུ་བ་བཀྲ་ཤིས་ཕུན་ཚོགས་སོགས་ཞུགས་ནས་ཆུང་དུས་ཀྱི་རྨི་ལམ་དང་ཕུགས་བསམ་གླེང་ཡོད།
ལེ་ཚན་འདིའི་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པར་ཞུགས་པའི་མཚོ་སྔོན་སློབ་ཆེན་གྱི་སློབ་རའི་གླུ་བ་བསོད་ནམས་བཀྲ་ཤིས།
ལེ་ཚན་འདིའི་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པར་ཞུགས་པའི་ཐེམ་ཆེན་གླུ་བ་བཀྲ་ཤིས་ཕུན་ཚོགས།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་སྐད་འཕྲིན་ཨང་གྲངསnjj169682 ལ་འབྲེལ་རྒྱུ་དང་ཡང་ན་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་བཀོད་ཆོག གཞུང་སྒྲུབ་ཁང་གི་ཁ་པར་ཨང་གྲངས།09716329322