【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼ སློབ་ཆེན་སློབ་མ་དང་ལས་གཞི་གསར་སྤེལ ༽ཞེས་པའི་ཁག་དང་པོ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་སམ་བྷོ་ཊ་བརྡ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་ལེན་པའམ་སྤྱི་གཉེར་བ་སློབ་གྲོགས་ཚེ་རིང་བསམ་འགྲུབ་དང་། བོད་ལུགས་རི་མོ་ཇུས་འགོད་པ་སློབ་གྲོགས་གཡུ་རྩེ་རྒྱལ། ལས་ཀ་སྣེ་ལེན་མཁན་དང་སྤྱིའི་འགན་འཁུར་བ་སློབ་གྲོགས་ཀླུ་བྱམས་རྒྱལ་གསུམ་ཡིན།
【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་དུ་ཉན་མཁན་གང་རུང་གི་ཁ་པར་ལེ་ཚན་ཐད་གཏོང་ཁང་ནང་དུ་སྣེ་ལེན་བྱས་ཏེ་ཆུང་དུས་ཀྱི་རྨི་ལམ་དང་ཕུགས་བསམ་གླེང་བ།
སམ་བྷོ་ཊ་ཀུང་སིའི་བོད་ལུགས་ཚོང་རྟགས་ཇུས་འགོད།
༢༠༡༦ལོའི་ཟླ༡༡པའི་ནང་ཟི་ལིང་གྲོང་ཁྱེར་ལས་སྒོ་གསར་གཏོད་འགྲན་སྡུར་ཁྲོད་ཁེ་ལས་ཤོག་ཁག་ལས་བྱ་དགའ་ཨང་གསུམ་པ་ཐོབ་པ།
༢༠༡༦ལོའི་ཟླ༡༡པའི་ནང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་དངུལ་ཁང་གིས་གཙོ་སྒྲུབ་གནང་བའི་ལས་སྒོ་གསར་གཏོད་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་པ།
༢༠༡༦ལོའི་ཟླ༧པའི་ནང་རྒྱལ་ཡོངས་སློབ་ཆེན་སློབ་མའི་ལས་སྒོ་གསར་གཏོད་འགྲན་སྡུར་ཁྲོད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཐོབ་པ།
སྤྱི་ཁང་གི་ལས་ཀའི་ཟུར་ཙམ།
ཟི་ལིང་ལྷོ་རིའི་གླིང་ཀ་ནས་བོད་ཀྱི་ཁེ་ལས་པར་ཞབས་ཞུའི་བརྡ་ཁྱབ་སྤེལ་བཞིན་པ།
༼རུས་རྐང་གི་དབྱངས་རྟ༽ཞེས་པའི་སྙན་ངག་གྱེར་འདོན་དགོང་ཚོགས་ཀྱི་སྙོམ་ངོས་ཇུས་འགོད་དང་འགྲེམ་དཔར་སོགས་བྱས་པ།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་སམ་བྷོ་ཊ་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་ལེན་པའམ་སྤྱི་གཉེར་བ་སློབ་གྲོགས་ཚེ་རིང་བསམ་འགྲུབ༼གཡོན་གྱི་གཉིས་པ༽ དང་བོད་ལུགས་རི་མོ་ཇུས་འགོད་པ་སློབ་གྲོགས་གཡུ་རྩེ་རྒྱལ།
༼གཡས་ཀྱི་དང་པོ༽ ལས་ཀ་སྣེ་ལེན་མཁན་དང་སྤྱིའི་འགན་འཁུར་བ་སློབ་གྲོགས་ཀླུ་བྱམས་ཚེ་རིང་། ༼གཡས་ཀྱི་དང་པོ༽
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་སྐད་འཕྲིན་ཨང་གྲངསnjj169682 ལ་འབྲེལ་རྒྱུ་དང་ཡང་ན་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་བཀོད་ཆོག གཞུང་སྒྲུབ་ཁང་གི་ཁ་པར་ཨང་གྲངས།09716329322