སྤེལ་དུས།2016.11.18 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

 【སློབ་རའི་གསར་འགྱུར་སྐུད་ལམ】ཚན་པ་འདིའི་ནང་དུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་ལོ་བ་རྟ་མགྲིན་རྒྱལ་དང་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་རའི་གསར་འགོད་པ་ལྷ་སྐྱབས་རྒྱལ། གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བརྟན། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་པདྨ་སྙིང་འབུམ། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་པཎ་ཆེན་ཉིན་སློབ་ཆུང་གི་སློབ་རའི་གསར་འགོད་པ་སྐལ་བཟང་ཚེ་བརྟན། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་རའི་གསར་འགོད་པ་ལྷ་དཔལ་རྒྱལ་བཅས་ཀྱིས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་སྤེལ་བ།
【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼ སློབ་ཆེན་སློབ་མ་དང་ལས་གཞི་གསར་སྤེལ ༽ཞེས་པའི་ཁག་གཉིས་པ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཨ་རིག་གནས་ལས་སྒྲུབ་ཁང་གི་སློབ་གྲོགས་ཚེ་རིང་དོན་འགྲུབ་དང་བསོད་ནམས་གཉིས་ཡིན།

1FDCBC2F44DDB7D6DB47BBA4909680D7.jpg

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སྒྲོན་སྟེགས་རྩོམ་རིག་ཚོགས་པའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་བཅུ་བ།

གོང་གི་པར་འདི་དག་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་ལོ་བ་རྟ་མགྲིན་རྒྱལ་གྱིས་འདོན་སྤྲོད་བྱས་པ་ཡིན།

DD5E8D176EF9A8A8A50F6B391725D0C7.jpg

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི༼འབས་སམ་སྨན་མར་ཁ་ཚར་ཅན༽ལས་སྣོན་བྱས་པ།

843664FF708B4B9E9DB4CB1D4AC7A714.jpg

སྨན་སྦྱོར་ལག་ལེན་བྱེད་བཞིན་པའི་ཡུལ་དངོས།

7460E7227F85125ABF133055CB7C09FF.jpg

སློབ་གླིང་གི་སྐབས༧༥པའི་སྲོན་རྒྱུན་རྒྱུན་ཤེས་འགྲན་གླེང་སྤེལ་བ།

གོང་གི་པར་འདི་དག་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་བཀྲ་ཤིས་རབ་བརྟན་གྱིས་འདོན་སྤྲོད་བྱས།

7F859D9E186F5A0C050224BFEF864F52.jpg

མཚོ་སྔོན་དགེ་ཐོན་སློབ་ཆེན་ཨ་རིག་གནས་ལས་སྒྲུབ་ཁང་གི་བོད་ལུགས་རི་མོ་ཇུས་འགོད།

9084BB65AF0F8D7D6FCB35875F7CC519.jpg

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཨ་རིག་གནས་ལས་སྒྲུབ་ཁང་གི་སློབ་གྲོགས་ཚེ་རིང་དོན་འགྲུབ༼དཀྱིལ༽དང་སློབ་གྲོགས་བསོད་ནམས༼གཡས་ཀྱི་དང་པོ༽གཉིས་ཀྱིས་ལེ་ཚན་ཐད་གཏོང་ཁང་དུ་ཁ་བརྡ་བྱེད་བཞིན་པ།

མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་སྐད་འཕྲིན་ཨང་གྲངསnjj169682 ལ་འབྲེལ་རྒྱུ་དང་ཡང་ན་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་བཀོད་ཆོག གཞུང་སྒྲུབ་ཁང་གི་ཁ་པར་ཨང་གྲངས།09716329322 

 

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།