སློབ་རའི་འགྱུར་ཁུགས༼ང་ནི་དགེ་རྒན་ཞིག་ཡིན༽
2018.11.15 ཁུངས། ཀློག་གྲངས། 546

༼སློབ་གསོ་མཁས་བརྒྱའི་དཔྱད་གླེང༽གི་ནང་དུ་༼ང་ནི་དགེ་རྒན་ཞིག་ཡིན༽ཞེས་པའི་གླེང་གཞི་བཀོད་སྒྲིག་བྱས་ཏེ་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཀླུ་བྱམས་རྒྱལ་སྐུད་ལམ་དུ་གདན་ཞུ་བྱས་ཡོད།



ཀླུ་བྱམས་རྒྱལ། ༡༩༧༧ལོའི་ཧོར་ཟླ༡༢པའི་ཚེས༨སྟེ་རིག་གསར་གྱི་གྲངལྷགས་དང་བུ་ཡུག་རྒོད་པའི་ལོ་ཟླ་མཇུག་སྒྲིལ་ཙམ་ལ་ཐུན་ཏེ་རྫོང་གི་ཤ་སྦྲང་ཚོ་དྲུག་གི་ཡ་གྱལ་གྱང་བཟའ་དཔོན་སྐོར་ཏུ་སྐྱེས།   ༡༩༨༩ལོ་ནས་བཟུང་དབྱངས་གསལ་སོ་བཞིའི་དབྱངས་རྟར་ཆེས་ཐོག་མར་འཇུས་ཤིང་སློབ་ཆུང་དང་སློབ་འབྲིང་རིམ་གྱིས་བརྒྱུད་དེ།  ༡༩༩༥ལོར་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་ལྷོ་རྒྱུད་ཀྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་འོས་སློབ་གྲྭར་ཞུགས་ནས་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ཏེ།    བགྲང་བྱ་བཞིའི་རིང་ལ་འབྲིང་རིམ་བསླབ་བྱ་ཀུན་ལ་བརྩོན་པས་དོན་དུ་གཉེར་ཞིང་། ༡༩༩༩ལོའི་ཟླ༦པར་སློབ་གྲྭ་དེའི་མཐར་ཕྱིན་སློབ་མ་ཕུལ་བྱུང་ཅན་གྱི་གཟི་བརྗིད་མཚན་སྙན་ཐོབ་ཅིང་སློབ་མཐར་ཕྱིན། ལོ་དེའི་ཟླ༧པར་ཐུན་ཏེ་རྫོང་རྨ་བྱང་ཡུལ་ཚོ་རྨ་ཞོལ་དབྱི་ཧྥུ་མི་རིགས་སློབ་གྲྭ་རུ་མི་རིགས་སློབ་གསོ་བྱ་བའི་ལས་གནས་སྟེང་ཞུགས་ནས་དགེ་རྒན་གྱི་ལས་དོན་གཉེར། ༢༠༠༢ལོར་མཚོ་སྔོན་མི་རིགས་སློབ་གླིང་དུ་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཆེད་སྦྱོང་འཛིན་གྲྭར་ཞུགས་ནས༢༠༠༤ལོར་ཆེད་སྦྱོང་མཐར་ཕྱིན་དཔང་རྟགས་བླངས།༢༠༠༢ལོ་དང་༢༠༠༣ལོ། ༢༠༠༤ལོ་བཅས་ལ་བསྟུད་མར་རྨ་ཞོལ་སློབ་གྲྭའི་སྔོན་ཐོན་དགེ་རྒན་གྱི་གཟི་བརྗིད་མཚན་སྙན་ཐོབ་པར་མ་ཟད།  ༢༠༠༧ལོར་ཕུལ་བྱུང་དགེ་རྒན་དུ་བདམས་པ་དང་། ༢༠༠༩ལོ་དང་༢༠༡༠ལོ་གཉིས་ལ་བསྟུད་མར་རྫོང་ཡོངས་ཀྱི་རྐང་འཛིན་དགེ་རྒན་དུ་བདམས་ཐོན་བྱུང་། ༢༠༡༡ལོ་ནས་བཟུང་ཁུལ་ཡོངས་ཀྱི་སློབ་གྲྭ་ཁུ་བསྡུའི་ལས་གཞི་ལྟར་གསར་དུ་བསྒྲུབས་པའི་འབའ་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་དགེ་རྒན་གྱི་བྱ་བ་གཉེར། ༢༠༡༡ལོར་སློབ་གྲྭས་ཕུལ་བྱུང་འཛིན་བདག་ཏུ་བདམས་པ་དང་རྫོང་ཡོངས་ཀྱི་རྐང་འཛིན་དགེ་རྒན་དུ་བདམས། ༢༠༡༣ལོར་ཁུལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དུ་བདམས་ཤིང་། ༢༠༡༤ལོར་རྫོང་ཡོངས་ཀྱི་བོད་ཀྱི་སྐད་ཡིག་གི་བསླབ་ཚན་སྣེ་ཁྲིད་དགེ་རྒན་དུ་བདམས།

༢༠༡༧ལོ་དང་༢༠༨ལོ་གཉིས་ལ་བསྟུད་མར་རྫོང་ཡོངས་ཀྱི་རྐང་འཛིན་དགེ་རྒན་དུ་བདམས་ཐོན་བྱུང་།

སློབ་གསོ་སློབ་ཁྲིད་ཀྱི་བྱ་བའི་ལས་ཞོར་དུསྲོལ་རྒྱུན་དང་དེང་རབས་བར་དུ་ཡང་དག་པའི་ཁ་ཕྱོགས་འཚོལ་རྒྱུདངད་ལྟའི་དུས་རབས་དང་བོད་ཀྱི་སྐད་ཡིག་སློབ་གསོསྟེ་དཔྱད་རྩོམ་དངཁ་བ. རྨི་ལམདང ཕ་སྐད་ཀྱི་ལས་དབངགིས་མཚོན་པའི་སྙན་ངག་ཁ་ཤས་དུས་དེབ་དང་ཚགས་པར་ཁག་ཏུ་བཀོད་མྱོང་ལ།    ད་ལྟ་འབའ་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་མི་རིགས་སློབ་གསོའི་བྱ་བཞག་གི་ལྕི་འགན་ཕྲག་ཏུ་བཏེགས་ནས་ཕ་སྐད་ཀྱི་ལས་དབང་སྙིང་ལ་སྒོམ་བཞིན་རང་ཉིད་རྣལ་མ་ཞིག་གི་ཁ་དོག་འཚོལ་བཞིན་གདའ།

རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ཁྲིད་གཏོང་བ།  ལྷ་སྒྲོན་སྐྱིད།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་ནQQ 1834307929ནང་དུ་སྐུར་རྒྱུ་དང་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线>>栏目