ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཐད་གཏོང་ལེ་ཚན། > སློབ་རའི་འགྱུར་ཁུགས།

སློབ་རའི་འགྱུར་ཁུགས་སྐབས《༢༢༨༣》དགེ་རྒན་བཟང་པོའི་སློབ་གསོའི་གསོ་སྦྱོང་ལྟེ་གནས།

སྤེལ་དུས། 2018-06-12 10:47:25   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། འཆི་མེད་སྒྲོལ་མ།

       ༼སློབ་རའི་གསར་འགྱུར་སྐུད་ལམ༽གྱི་ནང་དུ་སློབ་ར་གཉིས་ཀྱི་སློབ་རའི་གསར་འགོད་པས་རང་སློབ་གྲྭའི་གསར་འགྱུར་ཐད་བཤད་བྱས་ཡོད།
༼སློབ་གསོ་མཁས་བརྒྱའི་དཔྱད་གླེང༽གི་ནང་དུ་བོད་ལྗོངས་དགེ་རྒན་བཟང་པོའོ་སློབ་གསོའི་གསོ་སྦྱོང་ལྟེ་གནས་ཀྱི་དགེ་རྒན་ལྷུན་འགྲུབ་གྱིས་སློབ་གྲྭ་ངོ་སྤྲོད་དང་སློབ་གྲྭའི་མ་འོངས་པའི་འཆར་གཞི་དང་འཕེལ་རྒྱས་ཀྱི་ཐད་ནས་ཁ་བརྡ་བྱས་ཡོད།
 

1_副本.jpg

མགོ་ལོག་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སྐབས་བཅུ་བཞི་བའི་བོད་ལུགས་སྨན་སྦྱོར་ལག་ལེན་དམར་ཁྲིད་ཚེ་རིག་དྲང་སྲོང་དགྱེས་པའི་ལང་ཚོ།

2_副本.jpg

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་འཆད་ཁྲིད་ཐོན་མིའི་དགོངས་རྒྱན་སྐབས་༡༩བ་སྤེལ་བ། འཆད་ཁྲིད་པ་གྱི་ལིང་འཇིགས་མེད།

3_副本.jpg

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་མི་རིགས་མཐུན་སྒྲིལ་རྟགས་མའི་རྩོམ་ཡིག་འགྲན་བསྡུར་བྱ་འགུལ་སྤེལ་བ།

11_副本.jpg

ཐེངས་འདིའི་སྐུ་མགྲོན་དགེ་རྒན་ལྷུན་འགྲུབ།
༢༠༡༢ལོར་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་དབྱིན་ཡིག་འཛིན་གྲྭ་ནས་སློབ་མཐར་ཕྱིན།
༢༠༡༧ལོར་ཧྲའན་ཞི་ཞིང་ཆེན་ཞན་ཡང་དགེ་ཐོན་སློབ་ཆེན་ནས་དངོས་གཞི་སློབ་མཐར་ཕྱིན།
༢༠༡༢ལོ་ནས་༢༠༡༧ལོའི་བར་ཕྱི་གླིང་དབྱིན་ཡིག་དགེ་རྒན་ཞིག་གི་དབྱིན་སྐད་གསབ་ཁྲིད་ལ་ཞུགས།
ད་ལྟ་བོད་ལྗོངས་དགེ་རྒན་བཟང་པོའི་སློབ་གསོའི་དམའ་འབྲིང་དང་སློབ་ཆུང་སློབ་མའི་དབྱིན་ཡིག་དགེ་རྒན་ཡིན།
 

22_副本.jpg

དགེ་རྒན་གྱིས་སློབ་ཁྲིད་འཆར་འགོད་ཞུ་བཞིན་པ།

33_副本.jpg

ང་ཚོ་དཔེ་ཀློག་བྱེད་ལ་དགའ།

44_副本.jpg

ཕྱི་གླིང་པ་དང་སློབ་མའི་འབྲེལ་འདྲིས།

55_副本.jpg

དཔེ་ཀློག་མཉམ་སྤྱོད།

66_副本.jpg

 པར་མིག་ཏུ་འཚང་པའི་ངའི་སློབ་མའི་ཚོགས།

ཨམ་སྐད་ཀྱི་ལམ་ནས་དབྱིན་ཡིག་ཁྲིད་པ།
 
དེང་སྐབས་འཛམ་གླིང་ཡོངས་སུ་དྲྭ་རྒྱ་སྤྱོད་པའི་སྣང་ཚུལ་ཇེ་མང་དུ་འགྲོ་དང་འགྲོ་བཞིན་ཡོད་ལ། སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ང་ཚོས་ཁ་པར་གྱི་ལམ་ནས་ཀྱང་དྲྭ་རྒྱ་བཀོལ་སྤྱོད་བྱེད་ཀྱིན་ཡོད། ང་ཚོས་ཁ་པར་གྱི་ལམ་ནས་དྲྭ་རྒྱ་ཕྱོགས་གཉིས་ལ་བཀོད་སྤྱོད་བྱེད་བཞིན་ཡོད་དེ། ཕྱོགས་གཅིག་ནི་དྲྭ་རྒྱའི་ལམ་ནས་རང་ལ་མཁོ་བའི་ཤེས་བྱ་མང་པོ་འཚོལ་བསྡུ་བྱེད་ཀྱིན་ཡོད་ལ། ཕྱོགས་གཞན་ཞིག་ནི་ཁ་པར་དེ་རོལ་རྩེད་དང་ཁ་བརྡ་བྱེད་པའི་ཡོ་བྱད་ཁོ་ནར་བརྩི་བཞིན་ཡོད། གལ་ཏེ། ང་ཚོས་ཁ་པར་བེད་སྤྱོད་ལེགས་པོ་བྱས་ཏེ་དྲྭ་ལམ་ནས་ཤེས་བྱ་འཚོལ་བ་དང་དེ་རང་ཉིད་ཀྱི་མཐོང་རྒྱ་བསྐྱེད་པའི་ཚན་རིག་གི་ལག་ཆ་ཞིག་ཏུ་བསམས་ན། དྲྭ་རྒྱ་ནི་ང་ཚོའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་རེད། དྲྭ་རྒྱའི་སྟེང་ནས་སློབ་ཁྲིད་ལ་ཉན་པ་དང་། ཚན་རིག་རིག་གནས་སོགས་སྦྱོང་བ་ནི་འཛམ་གླིང་རང་བཞིན་གྱི་རིག་གནས་ལ་ཁ་ཕྱོགས་པ་ཞིག་ཀྱང་རེད། དེས་ང་ཚོར་གཞན་ལས་ལྷག་པའི་བློ་བསྐྱེད་དང་ཤེས་རྒྱ་མཐོ་རུ་འདེགས་པར་རམ་འདེགས་གང་ལེགས་བྱེད་ཐུབ།
      དེ་བས།  ང་ཚོའི་དགེ་རྒན་བཟང་པོ་སློབ་གསོའི་ལྟེ་གནས་ཀྱིས་ཨམ་སྐད་ཀྱི་ལམ་ནས་དབྱིན་ཡིག་ཁྲིད་པ་ཞེས་པའི་དྲྭ་ལམ་དབྱིན་ཡིག་གསོ་སྦྱོང་འཛིན་གྲྭ་ཞིག་འཛུགས་རྒྱུ་ཡིན་པས། དབྱིན་ཡིག་ལ་མོས་པ་ཡོད་མཁན་དག་གིས་འདི་ལ་དོ་སྣང་མཛད་རོགས།
 
བསླབ་དེབ།
༡ དབྱིན་ཡིག་སྦྱངས་མྱོང་མེད་མཁན་དག་ལ་༼ABC༽ཞེས་པའི་དཔེ་དེབ་དེ་འཁྲིད་རྒྱུ་ཡིན།
༢ དབྱིན་ཡིག་སྦྱངས་མྱོང་མོད་རྨང་གཞི་ཞན་པའི་སློབ་མ་དག་ལ་༼ཆེས་རྨང་གཞིར་གྱུར་བའི་མིང་ཚིག4000༽ ཅེས་པའི་དཔེ་དེབ་དེ་འཁྲིད་རྒྱུ་ཡིན།
༣ དབྱིན་ཡིག་གི་རྨང་གཞི་ཅུང་བཟང་པའི་སློབ་མ་དག་ལ་༼ངའི་དབྱིན་ཡིག་གི་བརྡ་སྤྲོད་རིམ་པ་གཉིས་པ།༽ཞེས་པ་འདི་འཁྲིད་རྒྱུ་ཡིན་ལ་ཞོར་ནས་དབྱིན་ཡིག་རྩོམ་ཐུང་མང་པོ་འཁྲིད་རྒྱུ་ཡིན།
 
སློབ་ཁྲིད་ཀྱི་དུས་ཚོད།
སློབ་མའི་དབྱིན་ཡིག་གི་ཆུ་ཚད་དང་བསྟུན་ནས་འཛིན་གྲྭ་གསུམ་འཛུགས་རྒྱུ་ཡིན་ལ། འཛིན་གྲྭ་རེར་གཟའ་རེ་ཐེངས་གསུམ་ལ་སློབ་ཁྲིད་བྱེད་རྒྱུ་ཡིན།
ལྷག་མའི་ཉིན་གསུམ་ནང་དབྱིན་སྐད་གློག་བརྙན་གྲགས་ཅན་ངོ་སྤྲོད་དང་དབྱིན་སྐད་ཁ་བརྡའི་བྱ་འགུལ་སྤེལ་རྒྱུ་ཡིན།
 
སློབ་རིན།
༼ABCསློབ་དེབ༽བསླབ་མཁན་གྱི་སློབ་མ་དག་ལ་ཟླ་རེ་སྒོར་99ཡིན།
༼ཆེས་རྨང་གཞིར་གྱུར་བའི་མིང་ཚིག4000༽བསླབ་མཁན་གྱི་སློབ་མ་དག་ལ་ཟླ་རེ་སྒོར་129ཡིན།
༼ངའི་དབྱིན་ཡིག་གི་བརྡ་སྤྲོད་རིམ་པ་གཉིས་པ།༽བསླབ་མཁན་གྱི་སློབ་མ་དག་ལ་ཟླ་རེ་སྒོར་159ཡིན།
 
དབྱིན་ཡིག་གསོ་སྦྱོང་འཛིན་གྲྭ་དག་གི་མིང་།
དྲྭ་ལམ་དབྱིན་ཡིག་གསབ་སྦྱོང་འཛིན་གྲྭ ETO-A
དྲྭ་ལམ་དབྱིན་ཡིག་གསབ་སྦྱོང་འཛིན་གྲྭ ETO-B
དྲྭ་ལམ་དབྱིན་ཡིག་གསབ་སྦྱོང་འཛིན་གྲྭ ETO-C

རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ཁྲིད་གཏོང་བ། ཕག་མོ་སྒྲོལ་མ།

ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་སྐུལ་པ། རྣ་བྷ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་ནQQ 1834307929ནང་དུ་སྐུར་རྒྱུ་དང་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322
སྦྲག་སྲིད་ཨང་གྲངས། 810008 青海省西宁市西关大街81号青海人民广播电台藏语频率<<青春风景线 >>栏目

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།