སློབ་རའི་འགྱུར་ཁུགས་སྐབས།༼ ༢༤༢༨ ༽ སློབ་གཉེར་དང་སྒྱུ་རྩལ་ལ་གཞོལ་བའི་གསར་བུ་གཉིས།
2019.08.08 ཁུངས། ཀློག་གྲངས། 602

ང་ཡི་ལང་ཚོའི་རྨི་ལམ】ཡི་ནང་དུ་ཁ་བྱང་ལ“རྩོམ་རིག་དང་དོན་མཚོན་རི་མོ”ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་བརྡ་རྩོམ་རིག་ཆེད་ལས་འཛིན་གྲྭའི་སློབ་གྲོགས་གཡག་རྭའི་རིན་བྷོ་ཡིན།

【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ཡི་ནང་དུ“ཡིག་གཟུགས་དང་ལྷ་རིས་སྒྱུ་རྩལ་ལ་དུང་བའི་ན་གཞོན་ཞིག”ཅེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་བོད་ཀྱི་བྲིས་རྒྱུན་ཕྱི་མོ་སྨན་ལུགས་དང་ཡིག་གཟུགས་ལ་སློབ་གཉེར་བྱེད་བཞིན་པའི་ན་གཞོན་གསལ་ལྡན་ཡིན།

ཡིག་གཟུགས་དང་ལྷ་རིས་ཟུང་དུ་བཀོད་པའི་སྟོན་པའི་སྐུ་བརྙན།

ན་གཞོན་གསལ་ལྡན་གྱི་སློབ་གཉེར་བྱ་བའི་གོ་རིམ།

ཁོའི་མིང་ལ་གསལ་ལྡན་ཟེར། ཕ་ཡུལ་དཀར་མཛེས་ཁུལ་གསེར་རྟ་ནས་ཡིན། ༢༠༡༥ལོ་ཁོ་རང་ཉིད་ཀྱི་ལས་སྨོན་དང་འདུན་མ་དེ་ཐང་གའི་སྒྱུ་རྩལ་ལ་བཅོལ་བའི་སྒོ་གླགས་རྙེད།ཐང་གའི་ཞོར་དུ་གཞན་ཡང་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ལ་སྦྱང་བ་རོབ་ཙམ་གནང་་ད་ལྟ་གནས་མཆོག་ལྷ་སར་བོད་ཀྱི་བྲིས་རྒྱུན་ཕྱི་མོ་སྨན་ལུགས་ལ་སྦྱང་བ་བྱེད་མུས་ཡིན།ཉེ་ལམ་ཁོས་བརྩོན་སེམས་ཀྱིས་སྒུལ་བའི་ལོ་ཟླ་དེ་དག་གི་ནང་ཡིག་རིས་བརྩམས་ཆོས་འགའ་རེར་སྒྱུ་རྩལ་གྱི་སྡིངས་ཆ་རུ་འགྲེང་བཞིན་ཡོད།

རིན་བྷོའམ་གཡག་རྭའི་རིན་བྷོ། ལོ་རབས་དགུ་བཅུ་བའི་རྗེས་སུ་རྨ་ཆུའི་མུར་བྱེག་ཡུལ་ཚོའི་མུ་ར་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས །   སློབ་ཆུང་རྨ་ཆུ་རྫོང་ནས་སྐྱེལ་ཞིང་ ། སྔ་ཕྱིར་དམའ་འབྲིང་དང་མཐོ་འབྲིང་སོགས་ནི་གཙོད་ཀྱི་བོད་རིགས་སློབ་འབྲིང་ནས་བཏོན་ཏེ ། ༢༠༡༦ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་དུ་རྒྱུགས་འཕྲོད ། མཐོ་གསུམ་མཐར་ཕྱིན་ལ་ཉེ་བའི་སྐབས་སུ ། ཁོས<  གཡག་རྭའི་རིན་བྷོས་སྣུམ་སྙུག་གིས་བྲིས་པའི་ཟུར་ཟའི་རི་མོ།>ཞེས་པའི་ཚགས་ཤོག་ཅིག་རང་གི་སློབ་གྲྭ་དང་རྨ་ཆུ་རྫོང་གི་དཔེ་ཁང་ཞིག  ཕ་ཡུལ་གྱི་སྣེ་མོ་སོ་སོར་བཀྲམས་ཡོད །ད་ཆ་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་དུ་མི་རིགས་གྲངས་ཉུང་གི་རྩོམ་རིག་ཆེད་ལས་ལ་སྦྱོང་བཞིན་ཡོད །  ཞོར་དུ་རང་གི་དགའ་ཕྱོགས་ལྟར་དོན་མཚོན་རི་མོ་འབྲི་བཞིན་ཡོད།   ཉེ་སྔོན་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་དོན་མཚོན་རི་མོ་བཞི་བརྒྱ་ལྷག་འགྲེམ་སྟོན་བྱས་ཏེ་དགེ་སློབ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་བསྟར་ཡོད་པར་འདུག

སློབ་གྲོགས་གཡག་རྭའི་རིན་བྷོའི་དོན་མཚོན་རི་མོ།

སློབ་གྲོགས་གཡག་རྭའི་རིན་བྷོའི་དོན་མཚོན་རི་མོ།


རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

ཁྲིད་གཏོང་བ། ཕག་མོ་སྒྲོལ་མ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com