སློབ་རའི་འགྱུར་ཁུགས་སྐབས༼༢༢༣༥༽པ། ང་ཡི་སློབ་གྲྭ་དང་ངའི་སློབ་སྒྲུབ་ཀྱི་ཐབས་ལམ།
2019.08.23 ཁུངས། ཀློག་གྲངས། 0

སློབ་རའི་གསར་འགྱུར་སྐུད་ལམ།】 ཚན་པ་འདིའི་ནང་དུ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་ཚེ་ལྷ་སྐྱབས་ཀྱིས་གཟའ་འཁོར་གཅིག་གི་སློབ་རའི་གསར་འགྱུར་སྤེལ་ཡོད།

སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼ང་ཡི་སློབ་གྲྭ་དང་ངའི་སློབ་སྒྲུབ་ཀྱི་ཐབས་ལམ༽ཞེས་པའི་ཁག་བཅོ་བརྒྱད་པ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་མི་རིགས་ཆ་ཚང་སློབ་འབྲིང་གི་སློབ་གཙོ་ཡི་དམ་རྡོ་རྗེ་ཡིན།

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་མི་རིགས་ཆ་ཚང་སློབ་འབྲིང་གི་སློབ་གཙོ་ཡི་དམ་རྡོ་རྗེ།

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གིས་སྤྱི་ཟླ་༨པའི་ཚེས་༧ནས་ཚེས་༢༢བར་དུ་བོད་ལྗོངས་ནས་ཕེབས་པའི་སྙེ་བྲིས་འཛིན་པ་རྒན་སྙེ་བུ་བཀྲ་ཤིས་དོན་འགྲུབ་དང་སྙེ་བྲིས་ཆེད་མཁས་པ་རྒན་བསོད་ནམས་བཀྲ་ཤིས་ལགས་གཉིས་ཀྱིས་ཡིག་གཟུགས་སློབ་ཁྲིད་དང་། ཚེས་༢༡སྟེ་རེས་གཟའ་ལྷག་པའི་ཉིན་གྱི་ཡིག་གཟུགས་འགྲེམ་སྟོན།  ད་དུང་ཕུལ་བྱུང་སློབ་མར་གཟི་བརྗིད་མཚན་སྙན་དཔང་ཡིག་གནང་བ་སོགས་ཀྱི་རྣམ་པ།  

མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།


ཁ་པར། 09716329322    13209737776


སྐད་འཕྲིན།  njj169682


ཡིག་ཟམ། niansai@126.com