སློབ་རའི་འགྱུར་ཁུགས།༼ ༢༢༣༩ ༽ཆེད་ལས་གསར་བའི་དགོས་གལ་རང་བཞིན་སྐོར་གླེང་བ།
2019.09.13 ཁུངས། ཀློག་གྲངས། 537

སློབ་རའི་གསར་འགྱུར་སྐུད་ལམ】ཚན་པ་འདིའི་ནང་དུ་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་བྱུང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད། ཐེངས་འདིའི་སློབ་རའི་གསར་འགོད་པ་ནི། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གསར་འགོད་པ། རྒྱུ་མཐའ་མཐོང་དགའ། གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་གསར་འགོད་པ། ཨ་འདུས་དོན་པོ་གཉིས་ཡིན།

སློབ་གསོ་མཁས་བརྒྱའི་དཔྱད་གླེང】ཡི་ནང་དུ་ཁ་བྱང་ལ“ཆེད་ལས་གསར་བའི་དགོས་གལ་རང་བཞིན་སྐོར་གླེང་བ”ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་བོད་ཡིག་སྡེ་ཁག་གི་ཟློས་གར་བརྙན་འཕྲིན་ཆེད་ལས་ཀྱི་དགེ་རྒན་སྨུག་པོའམ་སྙིང་ལྕགས་རྒྱལ་ལགས་ཡིན།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་༢༠༡༩ལོའི་གསར་ཞུགས་སློབ་མར་རྒྱུགས་བླངས་ཏེ་སློབ་མ་གསར་བ་བསྡུས་པ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་ཀྱིས་དགེ་རྒན་དུས་ཆེན་རོལ་བ།

༄༅། །གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་གཅིག་བདུན་གསོ་རིག་འཛིན་གྲྭ་སྨན་ལྡུམ་འཐུ་རུ་སོང་བ་དང་བཀྲ་ཤིས་ཞོ་སྟོན་ཆེན་མོར་རོལ་བ།  སྤྱི་ཁྱབ་འགན་འཛིན་པ་ལེ་ཅུའི་ཧྥང་སོགས་རང་སློབ་གླིང་ལ་གཟིགས་ཞིབ་ཏུ་ཕེབས་པ་བཅས་ཀྱི་མཉམ་པར།

སྙིང་ལྕགས་རྒྱལ།  མཚོ་སྔོན་ཁྲི་ཀ་རྫོང་གི་མི་ཡིན།  ད་ལྟ་ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་བོད་ཡིག་སྡེ་ཁག་གི་ཟློས་གར་བརྙན་འཕྲིན་ཆེད་ལས་ཀྱི་དགེ་རྒན་ཡིན།  ཞིང་ཆེན་ཕྱི་ནང་གི་དུས་དེབ་སྟེང་སྙན་ངག་དང་སྒྲུང་གཏམ།  དཔྱད་རྩོམ་སོགས་བཀོད་མྱོང་།

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

ཁྲིད་གཏོང་བ། རིག་འཛིན་སྒྲོལ་མ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ཨ་བརྟན་རྒྱལ།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com