སློབ་རའི་འགྱུར་ཁུགས།༼༢༢༤༡༽ ཕྱི་རབས་པས་མེས་པའི་གསུང་རབ་ངེས་ཀློག་བྱ་དགོས་པའི་བསམ་ཚུལ་ཐོར་བུ།
2019.09.23 ཁུངས། ཀློག་གྲངས། 1085

སློབ་རའི་གསར་འགྱུར་སྐུད་ལམ】ཚན་པ་འདིའི་ནང་དུ་འདས་པའི་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་བྱུང་གི་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་ཡིན། ཐེངས་འདིའི་སློབ་རའི་གསར་འགོད་པ་ནི། གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་གསར་འགོད་པ་ཚེ་ལྷ་སྐྱབས་ཡིན།

ངག་འཕྲིན་གཞོན་ནུའི་སེམས་སྒྲ】ཡི་ནང་དུ་ཁ་བྱང་ལ“ཕྱི་རབས་པས་མེས་པའི་གསུང་རབ་ངེས་ཀློག་བྱ་དགོས་པའི་བསམ་ཚུལ་ཐོར་བུ”ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱི་དགེ་རྒན་བན་དེ་མཁར་རམ་བློན་བན་མཁར་ལགས་ཡིན།

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གིས་ཟླ༩བའི་ཚེས་༡༠ཉིན་དགེ་རྒན་དུས་ཆེས་དང་སློབ་གསར་མཉམ་དུ་བསུས་པ། ཟླ༩བའི་ཚེས༡༡ནས་ཚེས༡༧བར་དུ་གོང་རིམ་གྱི་རྩ་འཛུགས་འོག་དྲག་ཆས་ཉེན་རྟོག་ཁང་གིས་མངགས་པའི་དམག་མི་བཞི་ངེད་སློབ་གླིང་དུ་ཕེབས་ནས་བདུན་ཕྲག་གཅིག་རིང་དམག་སྦྱོང་བྱས་པ། ཟླ་༩བའི་ཚེས༡༧ཉིན་གངས་ལྗོངས་སྨན་གྲོང་གི་འདས་ཟིན་པའི་ལོ་གཅིག་གི་བྱ་བའི་སྤྱི་བསྡོམས་དང་མ་འོངས་སློབ་སྐབས་གསར་བའི་བྱ་བའི་འཆར་གཞི་དང་སློབ་སྦྱོང་ལ་སྟ་གོན་བྱས་པ་དང་། རང་སློབ་གླིང་གི་སློབ་སྤྱི་བ་ཆེན་མོ་རྒན་ཚུལ་ཁྲིམས་དར་རྒྱས་དང་སློབ་གཙོ་གཞོན་པ་ཀོ་ཡང་ཞོན་གཉིས་ཀྱིས་ཐེངས་འདིའི་ཚོགས་ཆེན་ལ་སྤྱི་བསྡོམས་བྱས་པ་དང་བྱ་དགའ་ཐོབ་པའི་སློབ་གྲོགས་རྣམ་ལ་གཟེངས་བསྟོད་དང་བསྔགས་བརྗོད་བྱེད་བཞིན་པའི་རྣམ་པ།

མིང་ལ་བན་དེ་མཁར་དང་པུར་མིང་ལ་བློན་བན་མཁར་ཟེར། ཕ་ཡུལ་རོང་བོ་བློན་ཆེན་ཟེར་བ་དེ་ཡིན། སྤྱི་ལོ༢༠༡༡ནས་སྤྱི་ལོ༢༠༡༥ལོའི་བར་མཚོ་སྔོན་མི་རིགས་སློབ་ཆེན་དུ་དངོས་གཞི་རིམ་པའི་དབྱིན་ཇིའི་ཆེད་ལས་ལ་སློབ་གཉེར་བྱས། སྤྱི་ལོ༢༠༡༥ནས་སྤྱི་ལོ༢༠༡༨ལོའི་བར་མཚོ་སྔོན་མི་རིགས་སློབ་ཆེན་ནས་གནའ་རབས་རྩོམ་རིག་གི་རབས་འབྱམས་པའི་སློབ་མ་ཡིན། ད་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱི་དགེ་རྒན་དང་། རྒྱུན་པར་རྩོམ་འབྲི་དང་དཔེ་ཀློག་ལ་མོས་པ་ཡོད་མཁན་ཞིག་ཀྱང་ཡིན།

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

ཁྲིད་གཏོང་བ། རྡོ་རྗེ་མཚོ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb
ཡིག་ཟམ། 824136958@qq.com