【སློབ་རའི་གསར་འགྱུར་སྐུད་ལམ།】 ཚན་པ་འདིའི་ནང་དུ་གང་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་ཚེ་ལྷ་སྐྱབས་ཀྱིས་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་སྤེལ་ཡོད།
【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼ རྒྱལ་སྟོན་དུས་ཆེན་གྱི་གནང་བ་དང་འབྲེལ་དེ་སློབ་གྲོགས་ཚོས་འགྲོ་འདུག་སྤྱོད་གསུམ་ལ་མཉམ་འཇོག་བྱ་དགོས་པའི་སྐོར༽ཞེས་པའི་གླིང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་མཐོ་རིམ་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཀྱེ་ཕུར་མཆོག་གསུམ་ཡིན།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གིས་སྤྱི་ཟླ་༡༠པའི་ཚེས༡ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་དང་། རང་སློབ་གླིང་གི་སྐལ་བཟང་ཚོམས་ཆེན་ནས་དགེ་སློབ་ཡོངས་ཀྱིས་མཉམ་དུ་རྒྱལ་སྟོན་དུས་ཆེན་ལ་རོལ་བཞིན་པའི་ཐད་གཏོང་ལ་བལྟ་བའི་རྣམ་པ།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་མཐོ་རིམ་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཀྱེ་ཕུར་མཆོག་གསུམ།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ཨ་བརྟན་རྒྱལ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།
ཁ་པར། 09716329322 13209737776
སྐད་འཕྲིན། njj169682
ཡིག་ཟམ། niansai@126.com