སློབ་རའི་འགྱུར་ཁུགས༼༡༩༩༢༽
2020.03.11 ཁུངས། ཀློག་གྲངས། 421

【སློབ་གསོ་མཁས་བརྒྱའི་དཔྱད་གླེང】གི་ནང་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཚེ་རིང་བསམ་འགྲུབ་གྱིས་སློབ་མགོ་རྩོམ་གྲབས་ཀྱི་སྔོན་འགྲོའི་གྲ་སྒྲིག་དང་མིང་ཐོ་འགོད་པ་སོགས་ཕྱོགས་ཡོངས་ཀྱི་དོ་སྣང་བྱ་ཡུལ་གྱི་ཐད་ནས་ཁ་བརྡ་བྱས་ཡོད།

【ངག་འཕྲིན་གཞོན་ནུའི་སེམས་སྒྲ】ཡི་ནང་དུ་ཟླ་2པའི་ཚེས་28ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་ཤར་རིའི་ནགས་ཚལ་དུ་མེ་སྐྱོན་བྱུང་། སྐབས་དེར་དྲ་ལམ་སློབ་ཁྲིད་དུ་ཞུགས་བཞིན་པའི་རྟ་མགྲིན་ཚེ་བརྟན་གྱིས་མེ་སྐྱོན་མཐོང་འཕྲད་ཇི་མི་སྙམ་པར་མེ་གསོད་དུ་བྱིན་ཏེ་སྟབས་མ་ལེགས་པར་རྨས་སྐྱོན་ཕོག་པས། ཁོའི་ཁྱིམ་བདག་དང་སྐུད་ལམ་སྦྲེལ་ཏེ་གནས་ཚུལ་ཞིབ་རྒྱས་ཁ་བརྡ་བྱས་ཡོད།

དགེ་རྒན་ཚེ་རིང་བསམ་འགྲུབ།

སྨན་ཁང་དུ་རྨས་བཅོས་བྱེད་བཞིན་པའི་རྟ་མགྲིན་ཚེ་བརྟན་དང་ཁོར་ནད་གཡོག་བྱེད་པའི་ཨ་ཕ།


རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ། 

ཁྲིད་གཏོང་བ།  རྡོ་རྗེ་འཚོ། 

                                              རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་གསར་འགྱུར་སྐུར་ནQQ 1834307929ནང་དུ་སྐུར་རྒྱུ་དང་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322