སློབ་རའི་འགྱུར་ཁུགས་སྐབས།《༣༠༠༦》 དཔེ་ཀློག་དང་ལས་གཏོད།
2020.04.17 ཁུངས། ཀློག་གྲངས། 907

ངག་འཕྲིན་གཞོན་ནུའི་སེམས་སྒྲ】ནང་དུ“ཆུང་འབྲིང་སློབ་མའི་སློབ་ཕྱིའི་དཔེ་ཀློག་དང་རྩོམ་འབྲིའི་ནུས་པ་ཇི་ལྟར་བསྐྱེད་དགོས་ཚུལ།”ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད། གདན་ཞུའི་སྐུ་མགྲོན་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ལྷ་ཆེན་རྒྱལ་ལགས་ཡིན།

ང་ཡི་ལང་ཚོའི་རྨི་ལམ】ནང་དུ“སློབ་ཆེན་སློབ་མའི་ལས་གཏོད་ཀྱི་ཕུགས་འདུན”ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ཡོད།  གདན་ཞུའི་སྐུ་མགྲོན་ནི་མཚོ་སྔོན་ཀུན་རོལ་ཁྲིམས་རྩོད་ལས་གཉེར་ཁང་གི་ཁྲིམས་རྩོད་པ་རིན་ཆེན་མཚོ་ལགས་ཡིན།

འབྲོང་ཕྲུག་ལྷ་ཆེན་རྒྱལ།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན།   ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོ་སློབ་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།

སྔ་རྗེས་སུ། སྦྲང་ཆར་སྨྱུག་གསར་བྱ་དགའ་དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ། མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་སོགས་བླངས་མྱོང་བ་དང་། བརྩམས་ཆོས་ལ་སྙན་དེབ་《ཆང་དང་སྙན་ངག་གི་མཚན་མོ་》དང་《བཞད་འཕྱིས་པའི་མེ་ཏོག》 སྒྲུང་ཐུང་དེབ་《ལོ་དེའི་དགུན་ཁ།》 གློག་བརྙན་འཁྲབ་གཞུང་དེབ་《དགུན་གྱི་མེ་ཏོག》བྱིས་སྒྲུང་བོད་འགྱུར་དེབ་《ང་དང་ཨ་ཅེ་ཆུང་ཆུང་ཁི་ལ་ར》སོགས་གཞུང་སྒེར་གཉིས་ནས་བཏོན་པའི་དེབ་རེ་འགའ་ཡོད་དོ།།

ཉེ་ཆར་བཀྲམ་ཟིན་པའི་འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི་བརྩམས་ཆོས་སྐོར་ཞིག

མཚོ་སྔོན་ཀུན་རོལ་ཁྲིམས་རྩོད་ལས་གཉེར་ཁང་གི་ཁྲིམས་རྩོད་པ་རིན་ཆེན་མཚོ།

རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

མདོ་འཛིན་པ།  བཀྲ་ཤིས་རྒྱ་མཚོ།

ཁྲིད་གཏོང་བ། རིག་འཛིན་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

གསན་མཁན་ལྷན་རྒྱས་ལ་བསམ་འཆར་དང་རེ་བ་ཅི་ཡོད་གཤམ་གྱི་འབྲེལ་གནས་བརྒྱུད་དེ་བརྗོད་ཆོག །
ཁ་པར། 09716329322 15202581289
སྐད་འཕྲིན། boyutb