【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་སྐོར་གླེང་བ༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་འབྲིང་རིམ་ལས་རིགས་སློབ་གྲྭའི་དགེ་རྒན་རྡོར་བྷ་དང་མཚོ་ལྷོ་ཁུལ་བྲག་དཀར་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོ་གཞོན་པ་ཁོ་ལེ་གཉིས་ཡིན།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་རྒན་རྡོར་བྷ།
རྡོར་བྷ། ༡༩༦༦ལོར་མདོ་སྨད་བླ་བྲང་དུ་སྐྱེས། ཀན་ལྷོ་ཁུལ་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་དོན་ཁྲུའུ་ཡི་ཀྲུའུ་རེན་གཞོན་པ། མཐོ་རིམ་འཆད་ཁྲིད་པ། ཀན་ལྷོ་ཁུལ་རྒྱ་བོད་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀན་ལྷོ་ཁུལ་ལས་བཟོ་བའི་ཡིག་གཟུགས་དང་རི་མོའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ལས་འཛིན། ཀན་ལྷོ་ཁུལ་སྨོན་ལམ་ཡིག་གཟུགས་ཞིབ་འཇུག་གླིང་གི་འགན་འཛིན་བཅས་སོ།།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་རྒན་ཁོ་ལེ།
ཁོ་ལེ། སྨྱུག་མིང་ལ་ཁྱུང་སྲས་སུ་འབོད། 1976ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ནས་སྐྱེས། དགེ་རྒན་རྨོག་རུ་དོན་གྲུབ་ཚེ་རིང་ལས་དབུ་མེད་སུག་རིང་གི་སྐོར་ལ་སློབ་སྦྱོང་བྱས། 2015ལོའི་ཟླ7པར། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན"ཐོན་མིའི་ཡིག་རྒྱུན"ཡིག་གཟུགས་གསོ་སྦྱོང་འཛིན་གྲྭར་ཞུགས་ཏེ། གཙང་བྲིས་ཚུགས་ཆེན་དང་ཚུགས་ཆུང་། ཚུགས་མ་འཁྱུག་བཅས་དང་།སྙེ་བྲིས་དང་གཞུང་བྲིས། བཀའ་བརྒྱུད་བྲབ་བྲིས་དང་ནང་བྲིས་ནོར་བུ་མ། སྡེར་ནང་ས་བྲིས་བཅས་བོད་ཡིག་གཟབ་གཤར་གཉིས་ཀྱི་བྲིས་རྒྱུན་ཆེན་མོ་བརྒྱད་ཀྱི་ཁྲིད་རྒྱུན་ཐོབ། ད་ལྟ་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི་དང་།བྲག་དཀར་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོ་གཞོན་པའི་འགན་ཁུར་བཞིན་མཆིས།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ལྷ་བརྟན།
སྤྱི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།
ཁ་པར། 09716329322 13209737776
སྐད་འཕྲིན། njj169682
ཡིག་ཟམ། niansai@126.com