【སློབ་རའི་གསར་འགྱུར་སྐུད་ལམ།】ཚན་པ་འདིའི་ནང་དུ་གངས་ལྗོངས་དར་རྒྱས་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་ཚེ་ལྷ་སྐྱབས་དང་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གི་སློབ་རའི་གསར་འགོད་པ་འཕགས་པ་མཚོ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་རའི་གསར་འགོད་པ་རྒྱུ་ཐ་མཐོང་དགའ་བཅས་ཀྱིས་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་སྤེལ་ཡོད།
【སློབ་གསོ་མཁས་བརྒྱའི་དཔྱད་གླེང་།】ཚན་པ་འདིའི་ནང་དུ༼ བྱིས་པར་འབྲི་ཀློག་གི་རྨང་གཞི་ཡག་པོ་ཞིག་ཆགས་སུ་འཇུག་དགོས༽ཞེས་པའི་གླེང་གཞི་ཞིག་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་ཀུན་ཐར་རྒྱལ་ཡིན།
ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་ཀུན་ཐར་རྒྱལ།
གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སྤྱི་ལོ་༢༠༢༠ལོའི་དཔྱིད་འགོའི་སློབ་འགོ་གསར་པ་ཚུགས་པས་རིམས་ནད་སྔོན་འགོག་གྱི་ཤེས་བྱ་དང་། དཔེ་ཀློག་ཟིན་བྲིས། བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་རྣམ་པ།
ཞིན་ཧེ་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གིས་དྲིན་གྱི་བུ་ལོན་བྲིས་ཀྱིས་གཟོ་ཞེས་པའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་སྐབས་གཉིས་པ་སྤེལ་བ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ཡིག་གཟུགས་དུས་ཆེན་བསུ་བའི་བྱ་འགུལ་དྲ་ལམ་ནས་སྤེལ་བ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་དྲ་ལམ་སློབ་ཁྲིད་རྒྱུན་ལྟར་སྤེལ་བའི་ཞོར་ནས་སློབ་གྲྭའི་ཁོར་ཡུག་ལ་གཙས་སྦྲ་དང་སློབ་གྲྭ་དངོས་སུ་འཚོགས་པར་གྲ་སྒྲིག་བྱེད་བཞིན་པ།
མདོ་འཛིན་པ། གནམ་སྐྱབས་རྒྱལ།
རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།
རྩོམ་འགན་པ། ཚེ་མགོན།
ལྟ་སྐུལ་བ། ལྷ་བརྟན།
སྤྱི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།
ཁ་པར། 09716329322 13209737776
སྐད་འཕྲིན། njj169682
ཡིག་ཟམ། niansai@126.com