སློབ་རའི་འགྱུར་ཁུགས༼༣༠༨༩༽
2020.12.25 ཁུངས། ཀློག་གྲངས། 1179

【སློབ་རའི་གསར་འགྱུར་སྐུད་ལམ】གྱི་ནང་དུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་རྟ་མགྲིན་ཚེ་རིང་དང་རྐང་ཚ་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གི་སློབ་རའི་གསར་འགོད་པ་གདུགས་དཀར་རིན་ཆེན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་རའི་གསར་འགོད་པ་སྒྲོལ་དཀར་སྐྱིད། གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་རྡོ་རྗེ་སྒྲོལ་མ་བཅས་ཀྱིས་རང་སློབ་གྲྭའི་གསར་འགྱུར་ཐད་བཤད་བྱས་ཡོད།

【ང་ཡི་ལང་ཚོའི་རྨི་ལམ】གྱི་ནང་དུ་ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་གསུམ་པའི་སློབ་མ་གངས་རི་མས་རང་གི་དགའ་ཕྱོགས་དང་དཔེ་ཀློག་མྱོང་བ་བཤད་རྒྱུ།

【སློབ་གསོ་མཁས་བརྒྱའི་དཔྱད་གླེང】ཡི་ནང་དུ་ཅང་སུའུ་གློག་རྡུལ་ཆ་འཕྲིན་ལས་རིགས་སློབ་གླིང་གི་དགེ་རྒན་བསོད་ནམས་དོན་འགྲུབ་དང་སློབ་གྲོགས་ཕུན་ཚོགས་དར་རྒྱས་གཉིས་ཀྱིས་རང་སློབ་གྲྭ་ནས་སྤེལ་བའི་དམངས་གླུ་འགྲན་སྡུར་གྱི་ཁྱད་ཆོས་དང་དགེ་མཚན། རང་ཉིད་འགྲན་སྡུར་ལ་ཞུགས་པའི་མྱོང་བ་སོགས་གླེང་ཡོད།

རྐང་ཚ་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གི་སློབ་རའི་གསར་འགོད་པ་གདུགས་དཀར་རིན་ཆེན།

རྐང་ཚ་རྫོང་མི་རིགས་སློབ་འབྲིང་དུ་སྙན་ངག་གྱེར་འདོན་སྤེལ་བའི་རྣམ་པ།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་རྟ་མགྲིན་ཚེ་རིང་།

མཚོ་སྔོན་མི་རིགས་སློབ་ཆེན་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པའི་སྐབས་བཅུ་བཞི་བའི་དཔེ་ཀློག་དཔྱད་གླེང་འགྲན་སྡུར་གྱི་རྣམ་པ།

གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་རའི་གསར་འགོད་པ་རྡོ་རྗེ་སྒྲོལ་མ།

གངས་ལྗོངས་དར་རྒྱས་ཀུན་ཕན་སློབ་གླིང་གི་སྐབས་བཅོ་བརྒྱད་པའི་དཔལ་ལྡན་རྒྱུད་བཞིའི་བློ་རྒྱུགས་ཆེན་མོ།

མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ་ནས་སྤེལ་བའི་དབྱིན་སྐད་ཀྱི་སྙན་ངག་གྱེར་འདོན་འགྲན་སྡུར།

ང་ཡི་ལང་ཚོའི་རྨི་ལམ་གྱི་ནང་དུ་ཞུགས་པའི་སློབ་གྲོགས་གངས་རི་མ།

དགེ་རྒན་བསོད་ནམས་དོན་འགྲུབ།

སློབ་གྲོགས་ཕུན་ཚོགས་དར་རྒྱས།

ཅང་སུའུ་གློག་རྡུལ་ཆ་འཕྲིན་ལས་རིགས་སློབ་གླིང་ནས་སྤེལ་བའི་དམངས་གླུ་འགྲན་སྡུར་ཁྲོད་ཀྱི་འགྲན་ཞུགས་པའི་པར།

གྲོགས་པོ་ཚོས་གཟུགས་ལྡན་རླུང་འཕྲིན་ལ་བལྟ་བསམ་ནAPP听见广播ཞེས་པ་འདི་ཕབ་ལེན་བྱོས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཐད་གཏོང་ལེ་ཚན་སོ་སོ་སྒྲ་གཟུགས་གཉིས་ལྡན་གྱི་སྒོ་ནས་ཐད་གཏོང་བྱེད་བཞིན་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ། རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ཁྲིད་གཏོང་བ།  རྡོ་རྗེ་འཚོ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322