སློབ་རའི་འགྱུར་ཁུགས་སྐབས༼༣༠༩༡༽པ། བོད་ཀྱི་རྩོམ་རིག་གི་གཤིན་ས་སྣུམ་པོ། སྦྲང་ཆར།
2020.12.30 ཁུངས། ཀློག་གྲངས། 1125

སློབ་གསོ་མཁས་བརྒྱའི་དཔྱད་གླེང་།ཚན་པ་འདིའི་ནང་དུ་༼ བོད་ཀྱི་རྩོམ་རིག་གི་གཤིན་ས་སྣུམ་པོ༽་ཞེས་པའི་ཁག་དང་པོ་སྟེ།  སྦྲང་ཆར་རྩོམ་སྒྲིག་ཁང་གི་འདས་མ་ད་གསུམ་ཞེས་པ་བཀོད་སྒྲིག་བྱས་ཡོད།  གདན་ཞུའི་སྐུ་མགྲོན་སྦྲང་ཆར་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་རྡོ་རིང་པདྨ་དབང་ཆེན་དང་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་པདྨ་རིག་འཛིན་ནམ་རྩོམ་པ་པོ་ཕ་བོང་གཉིས་ཡིན།

【ང་ཡི་ལང་ཚོའི་རྨི་ལམ།】ཚན་པ་འདིའི་ནང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཚེ་རིང་བཀྲ་ཤིས་དང་འབྲུག་མོ་མཚོ་གཉིས་ཞུགས་ནས་ཆུང་དུས་ཀྱི་རྨི་ལམ་དང་ཕུགས་བསམ་གླེང་རྒྱུ།

གདན་ཞུའི་སྐུ་མགྲོན་སྦྲང་ཆར་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་རྡོ་རིང་པདྨ་དབང་ཆེན།

རྡོ་རིང་པད་མ་དབང་ཆེན། མདོ་སྨད་གཅན་ཚ་རུ་སྐྱེས། 1998ལོར་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་གཞི་རིམ་དུ་དགེ་རྒན་གྱི་བྱ་བ་བསྒྲུབས། 2007ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་ནས་གནའ་རབས་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་འཛིན་གྲྭ་ནས་མཐར་ཕྱིན། ད་ལྟ《སྦྲང་ཆར》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར་བཞིན་ཡོད། ལས་ཞོར་དུ་ལྷུག་རྩོམ་དུ་མ་ཞིག་བོད་ཁུལ་གྱི་དུས་དེབ་དག་ཏུ་བཀོད་མྱོང་ལ།《ཕ་མཚེར་གྲུ་བཞིའི་ལས་བསྐོས》དང《ང་དང་ལྷུག་རྩོམ་བར་གྱི་ལས་འབྲེལ》《ལྷུག་རྩོམ་གྱི་རང་མདངས》སོགས་ལྷུག་རྩོམ་ཐད་ཀྱི་དཔྱད་བརྗོད་སྐོར་ཞིག་ཀྱང《སྦྲང་ཆར》དང《གངས་རྒྱན་མེ་ཏོག》སོགས་ཀྱི་སྟེང་དུ་བཀོད་མྱོང་། སྐབས་ལྔ་པའི་ཟླ་ཟེར་རྩོམ་རིག་བྱ་དགའ་ཐོབ།

                   གདན་ཞུའི་སྐུ་མགྲོན་རྩོམ་པ་པོ་པདྨ་རིག་འཛིན་ནམ་ཕ་བོང་།

པད་མ་རིག་འཛིན།   མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ཁྲ་རྡེའུ་སྡེ་བར་སྐྱེས། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་ནས་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་ཐོབ། ལྷུག་རྩོམ་གྱི་སྐོར་ལ《བསླེ་མི་ཚར་བའི་མེ་ཏོག་གི་ཕྲེང་བ》སོགས་བརྒྱ་ཕྲག་ལྷག་དང་། དཔྱད་རྩོམ་ལ《རྩོམ་རིག་མིའི་རིགས་རིག་པའི་ལམ་ནས་གཏམ་རྒྱུད་གསེར་ཐང་གི་ཁྱད་ཆོས་ལ་དཔྱད་པ》སོགས་བཅུ་ཕྲག་ཝྷག  བསྒྱུར་རྩོམ་ལ《སྤེན་གྲོང་ལོག》སོགས་ལྔ་བཅུ་ཙམ་ཡོད། ལྷུག་རྩོམ《རེ་འདུན་ཆུ་མིག་དགུ་སྒྲིལ༽ལ《མི་རིགས་ཀྱི་རྩོམ་རིག》ལོ་འཁོར་བྱ་དགའ་ཐོབ། 《དོག་མོ་ས》ཆོས་སྐྱོང་གིས་རྒྱ་ཡིག་ཏུ་བསྒྱུར་ནས2020ལོར་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱིས་པར་དུ་བསྐྲུན་ནས་འགྲེམས་སྤེལ་བྱས། ད་ལྟ་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་དང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་འཁུར་ཡོད།

ལེ་ཚན་ཐད་གཏོང་ཁང་དུ་ཁ་བརྡ་བྱེད་བཞིན་པ།

མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།


ཁ་པར། 09716329322    13209737776


སྐད་འཕྲིན།  njj169682


ཡིག་ཟམ། niansai@126.com