སློབ་རའི་འགྱུར་ཁུགས་སྐབས༼༣༠༩༣༽པ། བོད་ཀྱི་རྩོམ་རིག་གི་གཤིན་ས་སྣུམ་པོ། གངས་རྒྱན་མེ་ཏོག
2021.01.06 ཁུངས། ཀློག་གྲངས། 1184

སློབ་གསོ་མཁས་བརྒྱའི་དཔྱད་གླེང་།ཚན་པ་འདིའི་ནང་དུ་༼ བོད་ཀྱི་རྩོམ་རིག་གི་གཤིན་ས་སྣུམ་པོ་༽ཞེས་པའི་ཁག་གཉིས་པ་སྟེ།  གངས་རྒྱན་མེ་ཏོག་གི་ཕྱི་ནང་གསང་གསུམ་ཞེས་པ་བཀོད་སྒྲིག་བྱས་ཡོད།  གདན་ཞུའི་སྐུ་མགྲོན་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་གཞོན་པ་མོག་བུ་ཡེ་ཤེས་སྐྱབས་དང་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་དཔལ་ལྡན་རྒྱ་མཚོའམ་རྩོམ་པ་པོ་མདོ་སྨད་ཧེ་རུ་ཀ་གཉིས་ཡིན།

གངས་རྒྱན་མེ་ཏོག

གདན་ཞུའི་སྐུ་མགྲོན་མོག་བུ་ཡེ་ཤེས་སྐྱབས།

མོག་བུ་ཡེ་ཤེས་སྐྱབས། མདོ་སྨད་བོང་སྟག་ཏུ་སྐྱེས། «གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་གཞོན་པ་དང་།  རྒྱལ་ཁབ་རིམ་པ་གསུམ་པའི་རྩོམ་པ་པོ།  མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།  མཚོ་ནུབ་ཁུལ་གྱི་གསར་གཏོད་ཤེས་ལྡན་པ་རྩེ་གྲ་བརྒྱའི་འཆར་གཞིའི་ཁྲོད་ཀྱི་རྩེ་གྲས་པ་སོགས་ཡིན་ལ། སྔ་ཕྱིར་«མི་རིགས་རྩོམ་རིག»དང་« སྦྲང་ཆར། »  «ཟླ་ཟེར།»  «བོད་ཀྱི་རྩོམ་རིག་སྒྱུ་རྩལ། » « ཁྲིམས་ལུགས་ཚགས་པར »་སོགས་གཙོ་བྱས་བོད་ཁུལ་དུས་དེབ་སོ་སོའི་སྟེང་ལ་སྙན་ངག་དང་ལྷུག་རྩོམ།  དཔྱད་བརྗོད།  སྒྱུར་རྩོམ་སོགས་རེ་འགའ་སྤེལ། བརྩམས་ཆོས་ལ། 2002ལོར། སྙན་དེབ«གངས་ཐིག»དང་།  2017ལོར «རྟོད་ཐག་ཁྲ་ཁྲ། »   2019ལོར། «གཡག་གོང་གི་ཚོ་བ། »  2018ལོར། བྱིས་སྒྲུང་དེབ«བེའུ་རྫི་སྐྱ་རིལ» 2010ལོར་ལ་གཞས་དེབ«སྲོག་གི་སྐྱ་ཡ»2016ལོར།«འདང་བལ་དཀར་ཁ་ཆུ།» 2016ལོར།«ལབ་རྩིད་ཞགས་ནག་པོ། »   འཁྲབ་གཞུང«འབྲོག་མོ་ཞིག་གི་ཉིན་གཅིག»སོགས་ཡོད།

གདན་ཞུའི་སྐུ་མགྲོན་དཔལ་ལྡན་རྒྱ་མཚོའམ་མདོ་སྨད་ཧེ་རུ་ཀ

དཔལ་ལྡན་རྒྱ་མཚོ།  པིར་མིང་ལ་མདོ་སྨད་ཧེ་རུ་ཀ   ལོ་རབས་བརྒྱད་ཅུའི་དུས་མགོར་མཚོ་སྔོན་པོའི་ལྷོ་རྒྱུད་དུ་སྐྱེས།  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་དངོས་གཞི་དང་ཞིབ་འཇུག   འབུམས་རམས་པ་བཅས་སློབ་མཐར་ཕྱིན།  སྔ་ཕྱིར་«སྦྲང་ཆར»དང་«གངས་རྒྱན་མེ་ཏོག»གཙོ་བྱས་བོད་ཁུལ་དུས་དེབ་སོ་སོའི་སྟེང་ལ་སྙན་ངག་དང་ལྷུག་རྩོམ།  དཔྱད་བརྗོད།  སྒྲུང་གཏམ་སོགས་རེ་འགའ་སྤེལ།  གཞན་ཆེད་དེབ་ལ་2015ལོར། «བོད་ཁུལ་ཡུལ་སྲོལ་རིག་གནས་རྟོག་དཔྱོད།» ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།  2016ལོར། «ཁེར་ཚུགས་དང་ཀུན་གཤིས་ཀྱི་དབུས་མཐའ།  བོད་ཀྱི་དེང་རབས་སྙན་ངག་གི་དཔྱད་པ།»ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།  2016ལོར།«ཉི་ཟླའི་སྒོ་དར་ཁྲ་ཁྲ།» ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།  2017ལོར།  «རྩོམ་རིག་སྐད་ཆའི་སྒྲིག་གཞི་བཀྲོལ་སྟངས།»ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།  2017ལོར། «སྙན་ངག་གསར་བའི་ཞིབ་རྟོག»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།   2021ལོར། «སྙན་ངག་གསར་པའི་མྱོང་བཀྲོལ་དང་དཔྱད་པ།» ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་སྒོར་ཐོན་ལ་ཉེ།

ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན།  ཟློས་གར་རྩོམ་རིག་ཆེད་ལས་ཁྲིད་དཔྱོད་ཁང་གི་ཀྲུའུ་རིན་བཅས་ཡིན།


མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།


ཁ་པར། 09716329322    13209737776


སྐད་འཕྲིན།  njj169682


ཡིག་ཟམ། niansai@126.com