སློབ་རའི་འགྱུར་ཁུགས་སྐབས༼༣༠༩༦༽པ། བོད་ཀྱི་རྩོམ་རིག་གི་གཤིན་ས་སྣུམ་པོ། མཚོ་སྔོན་བོད་ཡིག་གསར་འགྱུར།
2021.01.15 ཁུངས། ཀློག་གྲངས། 528

སློབ་གསོ་མཁས་བརྒྱའི་དཔྱད་གླེང་།ཚན་པ་འདིའི་ནང་དུ་༼ བོད་ཀྱི་རྩོམ་རིག་གི་གཤིན་ས་སྣུམ་པོ༽ཞེས་པའི་ཁག་བཞི་བ་སྟེ།  མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་བྱ་གཞག་ཞེས་པ་བཀོད་སྒྲིག་བྱས་ཡོད།  གདན་ཞུའི་སྐུ་མགྲོན་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་རྩོམ་སྒྲིག་པ་ཁྲི་སེམས་དཔའ་དང་།  མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་སློབ་གསོ་ཅུའུ་སློབ་དཔྱོད་ཁང་གི་རྒན་སྟག་རིག་འབྲུག་ཐར་གཉིས་ཡིན།

མཚོ་སྔོན་བོད་ཡིག་གསར་འགྱུར།

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་ཁྲི་སེམས་དཔའ།

དངོས་མིང་ལ་སྒོ་མེ་ཚེ་རིང་བཀྲ་ཤིས། སྨྱུག་མིང་ལ་ཁྲི་སེམས་དཔའ་ཟེར། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཨུ་ཡོན། དུས་དེབ་《གངས་རྒྱན་མེ་ཏོག》གི་གདན་ཞུ་རྩོམ་སྒྲིག་པ་བཅས་ཡིན། 1979ལོར་མདོ་སྨད་ཁྲི་ཀའི་གྲོ་ཞིང་ཁ་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས། 2001ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་མཐར་ཕྱིན། 2017ལོར་ལུའུ་ཞུན་རྩོམ་རིག་གླིང་གི་སྐབས33པའི་མཐོ་རིམ་ཞིབ་བསྡུར་འཛིན་གྲྭ་འགྲིམས་མྱོང་། བརྩམས་དེབ་ལ་འབོལ་རྩོམ་དེབ《བསམ་གཞིག་གི་ཁ་དོག》དང་སྙན་དེབ《དིང་གླིང་ཁེར་འབུད》 《ཁྲི་སེམས་དཔའི་སྙན་ངག》(རྒྱ་ཡིག་པར་མ)འགྱུར་དེབ《ཕ་རི་སིའི་འཕགས་མའི་ཆོས་གྲྭ》 《གཡུ་ཆུང་དྲུག་དཀར》 སྒྲུང་རིང་དེབ《མར་ངོའི་ཟླ་བ》 སྒྲུང་ཐུང་དེབ《སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》དང《བྱ་ཞིག་ཡིན་ན་བསམས་བྱུང》སོགས་ཡོད། བརྩམས་ཆོས་ཁག་ཅིག་རྒྱ་ཡིག་དང་ཉི་ཧོང་གི་ཡི་གེ་སོགས་སུ་བསྒྱུར་ཡོད།  སྔ་གཞུག་ཏུ་སྦྲང་ཆར་རྩོམ་རིག་བྱ་དགའ་དང་། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ། ཟླ་ཟེར་རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ། གངས་རྒྱན་རྟགས་མའི་བྱ་དགའ། མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་། ད་ལྟ་མཚོ་སྔོན་བོད་ཡིག་ཚགས་པར་ཁང་དུ་གསར་འགྱུར་གྱི་ལས་ཀ་གཉེར་བཞིན་ཡོད།

ལེ་ཚན་འདིའི་གདན་ཞུའི་སྐུ་མགྲོན་སྟག་རིག་འབྲུག་ཐར།

སྟག་རིག་འབྲུག་ཐར། ལོ་རབས་བརྒྱད་ཅུའི་སྟོད་དུ་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་ཞིང་གྲོང་དཀྱུས་མ་ཞིག་ནས་སྐྱེས། 2014ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་རབ་འབྱམས་ཞིབ་འཇུག་སློབ་མའི་དམ་བཅའ་བླངས། སྔ་ཕྱིར《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ཟླ་ཟེར》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《སྤང་ལྗོངས》《ཁྲི་ཤོར་རྒྱལ་མོ》《རི་བོ་ཉི་ཟླ》《མཚོ་སྔོན་བོད་ཡིག་གསར་འགྱུར》《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་དུ་བརྩམས་སྒྲུང་ཐུང་གྲས་དང་ལྷུག་རྩོམ། སྙན་ངག དཔྱད་རྩོམ་ཐུང་གྲས་སོགས་བརྩམས་ཆོས་དགུ་བཅུ་ལྷག་སྤེལ་མྱོང་།

2007ལོ་དང་། 2013ལོ། 2014ལོ། 2015ལོ་བཅས་སུ་མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་གིས་བསྡུས་པའི་རྒྱལ་ཡོངས་སྨོན་ལམ་བུམ་པའི་རྩོམ་ཡིག་འགྲན་སྡུར་ཁྲོད་བྱ་དགའ་བསྟུད་མར་བླངས་མྱོང་། 2016ལོར《སྦྲང་ཆར》རྩོམ་སྒྲིག་ཁང་གིས“ང་ཡི་ཕུགས་འདུན”ཞེས་པའི་ཁ་བྱང་གཅིག་ཅན་གྱི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ། 2016ལོར་མཚོ་ལྷོ་ཁུལ་རྩོམ་རིག་ལྷན་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་དང་པོའི་བྱ་དགའ་བླངས།  2018ལོར་སྙན་དེབ་ཐོག་མ《འོད་ཀྱི་གཤོག་རླབས》པར་བསྐྲུན་བྱས་པ་དང་།  2011ལོར《སེམས་འགྱུ་བན་བུན། ཚོར་བ་ཟ་ཟི》ཞེས་པའི་སྙན་དེབ་གཉིས་པ་པར་བསྐྲུན་འགྲེམ་སྤེལ་བྱས། 2016ལོའི་ལོ་མཇུག་ཏུ་སྙན་རྩོམ་བསྡུས་དེབ《ངག་གི་མེ་ཏོག》ཅེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།  མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ལ། ད་ལྟ་ཁྲི་ཀ་རྫོང་སློབ་གསོ་ཅུའུ་རུ་བྱ་བ་གཉེར་མུས་སུ་མཆིས།

མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།


ཁ་པར། 09716329322    13209737776


སྐད་འཕྲིན།  njj169682


ཡིག་ཟམ། niansai@126.com