སློབ་རའི་འགྱུར་ཁུགས་སྐབས༼༣༡༠༡༽བོད་ཀྱི་རྩོམ་རིག་གི་གཤིན་ས་སྣུམ་པོ། ཁག་དྲུག་པ།
2021.01.29 ཁུངས། ཀློག་གྲངས། 696

སློབ་གསོ་མཁས་བརྒྱའི་དཔྱད་གླེང་།ཚན་པ་འདིའི་ནང་དུ་༼ བོད་ཀྱི་རྩོམ་རིག་གི་གཤིན་ས་སྣུམ་པོ༽ཞེས་པའི་ཁག་དྲུག་པ་སྟེ།  རྩེར་སྙེག་དུས་དེབ་ཀྱི་ཁ་སང་དང་དེ་རིང་། སང་ཉིན་ཞེས་པ་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་རྩེར་སྙེག་དུས་དེབ་ཀྱི་རྩོམ་སྒྲིག་པ་ལས་རབས་རྡོ་རྗེ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་པདྨ་དབང་རྒྱལ་ལམ་རྩོམ་པ་པོ་ལྗང་མྱུག་གཉིས་ཡིན།

གདན་ཞུའི་སྐུ་མགྲོན་རྩེར་སྙེག་དུས་དེབ་ཀྱི་རྩོམ་སྒྲིག་པ་ལས་རབས་རྡོ་རྗེ།

ལས་རབ་རྡོ་རྗེ།  མདོ་སྨད་ཁྲི་ཀ་རུ་སྐྱེས། ༡༩༩༩ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན། ལོ་གསུམ་གྱི་རིང་དགེ་རྒན་གྱི་ལས་ཀར་ཞུགས། ༢༠༠༤ལོར་མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་དུ་རྩོམ་སྒྲིག་དང་ལོ་ཙྰ་བཅས་ཀྱི་ལས་ཀ་གཉེར་བ་དང་། ༢༠༡༤ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་རབ་འབྱམས་པའི་བསླབ་གནས་བླངས། ༢༠༡༦ལོར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི《རྩེར་སྙེག》རྩོམ་སྒྲིག་ཁང་དུ་ལས་གནས་སྤར་ཏེ། ད་ལྟའི་བར་རྩོམ་སྒྲིག་གི་བྱ་བ་གཉེར་བཞིན་ཡོད། སྔ་རྗེས་སུ་ཞིང་ཆེན་ཕྱི་ནང་གི་དུས་དེབ་སྟེང་དཔྱད་རྩོམ་དྲུག་ཙམ་དང་། ལོ་ཙྰ་ཆེད་དེབ་ལྔ་དཔེ་སྐྲུན་བྱས་ཡོད།

གདན་ཞུའི་རྩོམ་པ་པོ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་པདྨ་དབང་རྒྱལ་ལམ་རྩོམ་པ་པོ་ལྗང་མྱུག

རྐ་ཕུག་པདྨ་དབང་རྒྱལ།  པིར་མིང་ལ་ལྗང་མྱུག་ཏུ་འབོད།  སྟོན་ཁའི་ས་སྲོད་ཅིག་ལ་གཅན་ཚ་རྫོང་གི་རྐ་ཕུག་གྲོང་ཚོར་སྐྱེས།  མི་རིགས་རིག་པའི་འབུམ་རམས་པ་དང་།  དགེ་རྒན་ཆེན་མོ་གཞོན་པ།  རབ་འབྱམས་པའི་མཛུབ་སྟོན་དགེ་རྒན་ཡིན།  སྔ་གཞུག་ཏུ་མཚོ་སྔོན་མི་རིགས་སློབ་ཆེན་དང་།  མཚོ་སྔོན་དགེ་འོས་སློབ་ཆེན།  ལྷོ་ནུབ་མི་རིགས་སློབ་ཆེན་བཅས་སུ་སློབ་གཉེར་བགྱིས་ཤིང་།  ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གནས་སྐོར་སློབ་གླིང་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད།  རྒྱལ་ཁབ་རིམ་པ་དང་།  ཞིང་ཆེན་རིམ་པ།  སློབ་གྲྭ་རིམ་པའི་ལས་གཞི་བརྒྱད་ཀྱི་འགན་འཁུར་ཡོད་ལ།  ད་བར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔྱད་རྩོམ་ཉི་ཤུར་ཉེ་བ་ཀྲུང་གོའི་བོད་རིག་པ་དང་།  བོད་ལྗོངས་ཞིབ་འཇུག(རྒྱ་ཡིག)  བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ།  རྩེར་སྙེག་སོགས་ཀྱི་སྟེང་དུ་བཀོད་དོ།  །

ལེ་ཚན་ཐད་གཏོང་ཁང་དུ་ཁ་བརྡ་བྱེད་བཞིན་པ།

མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།

ཁ་པར། 09716329322    13209737776

སྐད་འཕྲིན།  njj169682

ཡིག་ཟམ། niansai@126.com