སློབ་རའི་འགྱུར་ཁུགས་སྐབས༼༣༡༦༡༽ས་གནས་སློབ་གསོ་འཕེལ་རྒྱས་ཀྱི་ཐབས་ལམ།
2021.08.27 ཁུངས། ཀློག་གྲངས། 972

【སློབ་གསོ་མཁས་བརྒྱའི་དཔྱད་གླེང】གི་ནང་དུ་ཨ་མཆོག་ས་ཁུལ་གྱི་སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་གཙོ་མགོན་པོ་སྐྱབས་ཀྱིས་ཚོགས་པ་ངོ་སྤྲོད་དང་ལོ་འདི་དག་གི་ས་གནས་སློབ་གསོའི་གནས་བབ་བཤད་ཡོད།  དེ་ནས་གསར་ཞུགས་ཚོགས་མི་བསམ་གཏན་དང་ད་ལོ་ཞིབ་འཇུག་ལ་རྒྱུགས་འཕྲོད་པའི་སློབ་གྲོགས་བཀྲ་ཤིས་དོན་འགྲུབ་གཉིས་ཀྱིས་རང་རང་གི་བསམ་ཚུལ་དང་ཕ་ཡུལ་ཨ་མཆོག་གི་ན་གཞོན་སྡེ་ཡིས་སློབ་གསོར་བཟུང་བའི་འདུ་ཤེས་སོགས་ཀྱི་ཐད་ནས་ཁ་བརྡ་བྱས་ཡོད། གཞན་ས་དེ་གའི་ས་གནས་མང་ཚོགས་མགོན་པོ་ཡིས་རང་ས་ཁུལ་གྱི་འཕེལ་རྒྱས་དང་སྒོས་སུ་ཁྱིམ་བདག་གི་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་ཚུལ་གྱི་ཐད་ནས་ཁ་བརྡ་བྱས་ཡོད།

ཨ་མཆོག་སློབ་གསོ་ཡར་སྐུལ་ཐེབས་རྩ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་ཡ་རུ་རྒྱུད་སློབ་ཆུང་གི་སློབ་གཙོ་རྒན་པ། མགོན་པོ་སྐྱབས།

གསར་ཞུགས་ཚོགས་མི་དང་ཨ་མཆོག་ཚོང་ལས་ཚོགས་པའི་ཚོགས་གཙོ་བསམ་གཏན།

སློབ་མ་བཀྲ་ཤིས་དོན་འགྲུབ།

ཨ་མཆོག་རྔ་རྒོད་སྲིད་འཛིན་སྡེ་བའི་སྡེ་དཔོན།  མགོན་པོ།

ཨ་མཆོག་ས་ཁུལ་ནས་ད་ལོར་ཞིབ་འཇུག་དང་དངོས་གཞི་སོགས་ལ་རྒྱུགས་འཕྲོད་པའི་སློབ་གྲོགས་ཚོར་རང་ས་གནས་ཀྱི་སློབ་གསོ་ཡར་སྐུལ་ཐེབས་རྩ་ཚོགས་པས་བྱ་དགའ་གནང་བཞིན་པའི་ཟུར་ཙམ།

གྲོགས་པོ་ཚོས་གཟུགས་ལྡན་རླུང་འཕྲིན་ལ་བལྟ་བསམ་ནAPP听见广播ཞེས་པ་འདི་ཕབ་ལེན་བྱོས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཐད་གཏོང་ལེ་ཚན་སོ་སོ་སྒྲ་གཟུགས་གཉིས་ལྡན་གྱི་སྒོ་ནས་ཐད་གཏོང་བྱེད་བཞིན་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ ། འཆི་མེད་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ཁྲིད་གཏོང་བ།  རྡོ་རྗེ་འཚོ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
རྒྱ་ཆེའི་ཉན་མཁན་ཚོས་ང་ཚོ་སློབ་རའི་འགྱུར་ཁུགས་ལེ་ཚན་དུ་རེ་བ་དང་བསམ་འཆར་ཅི་ཡོད་ལེ་ཚན་འདིའི་མཇུག་གི་དཔྱད་གཏམ་སྤེལ་སར་འགོད་པར་དགའ་བསུ་ཞུ།
གཞུང་ལས་ཁང་། 0971 6329322