ན་ཆུང་བྱིས་པའི་དགའ་ཚལ།༼༣༽
གྲོགས་པོ་ཆུང་ཆུང་ཚོ། དེ་རིང་གི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ལེ་ཚན་ཚན་པ་གསུམ་དུ་བགོས་ཏེ། མཚོ་ནུབ་ཁུལ་ཏུའུ་ལན་རྫོང་རྒུ་རུ་ཞང་མི་རིགས་བཅའ་སྡོད་སློབ་ཆུང་གི་དགེ་རྒན་དང་སློབ་གྲོགས་ཆུང་ཆུང་ཚོ་ལེ་ཚན་ཁྲོད་གདན་འདྲེན་བྱས་ཡོད། ཚན་པ་དང་པོ་ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲོགས་ཆུང་ཆུང་ཚོ་དང་མཉམ་དུ་གླུ་གར་ལ་རོལ་བ། ཚན་པ་གཉིས་པ་ཐོས་པ་དགའ་སྐྱེད་ཀྱི་ནང་དུ་གྲོགས་པོ་ཆུང་ཆུང་མགོན་པོ་མཚོས་རི་བོང་བློ་ལྡན་དང་འབྲེལ་བའི་གཏམ་རྒྱུད་ཅིག་བཤད་པ། ཚན་པ་གསུམ་པ་སྲིད་པའི་རྩེད་རའི་ནང་དུ་ང་ཚོ་བོད་ཀྱི་ཁ་ཟས་གཙོ་བོ་སྟེ་སྦྲང་དཀར་རྩམ་པའི་འབྲེལ་ཡོད་ཀྱི་ཤེས་བྱར་རྒྱུས་ལོན་བྱེད་པ།
ལེ་ཚན་ཁྲོད་ཞུགས་པའི་དགེ་སློབ་ལྷན་རྒྱས་ཀྱི་མཉམ་པར།