ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཐད་གཏོང་ལེ་ཚན། > ན་ཆུང་བྱིས་པའི་དགའ་ཚལ།

ན་ཆུང་བྱིས་པའི་དགའ་ཚལ། ༼༤༠༧༽

སྤེལ་དུས། 2018-05-29 09:33:46   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ནོར་བུ་འཚོ།

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་གྱི་སྐུད་ལམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྟ་བྲག་དྭ་ཕྲུག་སློབ་གྲྭར་སྦྲེལ་ཡོད་ལ། ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་བཀོད་སྒྲིག་བྱས་ཡོད། ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཉེ་ལམ་སྤེལ་བའི་རྒྱལ་ཡོངས་དུག་འགོག་གཏམ་བཤད་འགྲན་བསྡུར་ལས་མཚོ་སྔོན་ཞིང་ཆེན་གྱི་བདམས་ཞུགས་འགྲན་བསྡུར་ཁྲོད་ནས་བྱ་དགའ་ཨང་གཉིས་པ་ཐོབ་པའི་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གྲོགས་རིན་ཆེན་རྡོ་རྗེ་ལ་བཅར་འདྲི་ཐུང་ངུ་ཞིག་བྱས་ཏེ་ཁོས་བཤད་པའི་དུག་རྫས་སྔོན་འགོག་བྱས་ཏེ་དྭངས་གཙང་གི་མཚོ་སྔོན་ལྗང་མདོག་ལ་བསྒྱུར་བ་དང་མཐོ་སྒང་གཙང་སེལ་བྱས་ཏེ་དུག་མེད་མཛེས་གཙང་བྱེད་པ་ཞེས་པ་བཀོད་སྒྲིག་བྱས་ཡོད། གཞན་སློབ་གྲྭ་འདི་གའི་སློབ་གྲོགས་ཆུང་ཆུང་ཚོས་སྐུད་ལམ་ནས་གླུ་ངག་དང་གཏམ་བཤད་ཀྱི་འཇོན་ཐང་ངོམ་པ་དང་དྲི་བ་དྲིས་ལན་གྱི་ཁྲོད་ནས་ཤེས་རིག་གི་རྩེད་འཇོར་རོལ་བ་བཅས་བྱས་ཏེ་ཁོ་ཚོ་དང་མཉམ་དུ་སློབ་ཕྱིའི་གུང་གསེང་རོལ་ཡོད།

微信图片_20180529093011.jpg

གཏམ་བཤད་འགྲན་བསྡུར་གྱི་ཡུལ་དངོས།

微信图片_20180529093052.jpg

བྱ་དགའ་ཨང་གཉིས་པ་ཐོབ་པའི་སློབ་གྲོགས་རིན་ཆེན་རྡོ་རྗེ། ༼གཡས།༽

微信图片_20180529093104.jpg

སློབ་ཁང་གྲུ་བཞིའི་ནང་གི་སློབ་གྲོགས་རིན་ཆེན་རྡོ་རྗེ།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

སྤྱིའི་ལྟ་སྐུལ་བ། རྣ་བྷ།

 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།