ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་ལ།
༡ རིག་པའི་སྐར་ཁུང་གི་ནང་དུ་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆུང་ཁག་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་དག་གཅིག་རྗེས་གཉིས་མཐུད་དུ་འཚོག་འགོ་རྩོམ་རྒྱུ་ཡིན་པའི་ཐད་ཀྱི་བརྡ་སྦྱོར་དང་འབྲེལ་ནས་སློབ་གྲོགས་ཆུང་ཆུང་ཚོ་དང་ཁྱིམ་བདག་རྣམ་པས་དམིགས་བསལ་གྱིས་གྲ་སྒྲིག་ཇི་ལྟར་བྱེད་དགོས་པའི་སྐོར་གྱི་ཁ་བརྡ་ཐུང་ངུ་ཞིག་ཡིན།
༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ན་ཆུང་གཞས་མ་ཀླུ་མོ་ཡག་ངོ་སྤྲོད་དང་ཁོ་མོས་བླངས་པའི་དཔྱིད་དཔལ་བསུ་བའི་མཆོད་པ་ཞེས་པའི་བྱིས་གླུ་གསར་བ་ཞིག་བཀོད་སྒྲིག་བྱས་ཡོད།
༣ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་མོ་སྟོན་ཕག་མགོ་ཞེས་པའི་ངག་རྒྱུན་གཏམ་རྒྱུད་ཅིག་དང་རྐུན་མ་བཟུང་བ་ཞེས་པའི་དགོད་གཏམ་ཞིག་བཤད་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།