ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། ཀྱི་ཚན་པ་ཆུང་ངུ་གཉིས་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གཞས་མ་ཆུང་ཆུང་བསྟན་འཛིན་དབང་མོས་བླངས་པའི་རྩེད་རོགས་ཆུང་ཆུང་ཞེས་པའི་བྱིས་གླུ་སྙན་མོ་ཞིག་དང་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཆུང་ཆུང་ཚོས་བླངས་པའི་རྡུང་ལེན་མཉམ་ལེན་ཞིག་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་བུ་དགའ་བ་འབུམ་གྱིས་རྟ་བཏུལ་བ་ཞེས་པའི་གཏམ་རྒྱུད་ཅིག་དང་རྒྱལ་སྲས་སྦལ་བ་ཞེས་པའི་འཇར་མན་ཀེའེ་ལིན་སྤུན་མཆེད་གྱི་བྱིས་སྒྲུང་ཞིག་བཤད་པ་བརྒྱུད་ང་ཚོས་ག་དུས་ཡིན་ཡང་རང་ཉིད་དཀའ་ཁག་ཆེ་བའི་དུས་ལ་རོགས་རམ་བྱེད་མཁན་གྱི་མི་དེ་བརྗེད་མི་རུང་བའི་གནས་ལུགས་ཐུང་ངུ་ཞིག་བཤད་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།