ལྷ་རིས་སྒྱུ་རྩལ་པ་ཞིག་གི་མི་ཚེའི་བགྲོད་ལམ།
2013.11.07 ཁུངས། ཀློག་གྲངས། 68

0K0A0207.JPG

མདོ་སྨད་ས་ཡི་ཐིག་ལེ། མདོ་སྔགས་བསྟན་པའི་འབྱུང་ཡུལ། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ནི་ས་ལ་དགེ་བཅུ་ཚང་ཞིང་། འདོད་ཡོན་ལོངས་སྤྱོད་ཀྱི་དཔལ་ཡོན་མཁའ་དང་མཉམ་པ་མ་ཟད། གནམ་གྱིས་ས་ཁེབས་པ་ལྟ་བུའི་མདོ་སྔགས་རྒྱུད་སྡེ་བཞི་ལ་ནང་བྱན་ཆུད་པའི་མཁས་དབང་རིམ་བྱོན་ཟམ་མ་ཆད་པར་སྐྱེ་འགྲོ་ཀུན་གྱི་བསོད་ནམས་ཀྱི་ཞིང་དུ་རྣམ་པར་རོལ་བས་ན། རེབ་གོང་སྒྱུ་རྩལ་ཞེས་པའི་མཚན་ཙམ་བོས་ན་གངས་ཅན་སྐྱེ་འགྲོ་ཡོངས་ཀྱིས་མི་ཤེས་མཁན་མེད་པའི་སྒྱུ་རྩལ་གྱི་ཞང་བཀོད་མངོན་པར་མཛེས་ཤིང་།ལྷ་རིས་སྒྱུ་རྩལ་ནི་རེབ་གོང་སྒྱུ་རྩལ་གྱི་མེ་ཏོག་ལྡུམ་རའི་ཁྲོད་ཀྱི་བཀྲག་མདངས་ངོ་མཚར་ཞིང་ལྟ་བས་ཆོག་མི་ཤེས་པའི་མེ་ཏོག་ཡག་ཤོས་ཤིག་ཏུ་འཁུམས།

དུས་ད་ལྟའང་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུ་དེར་རྒྱལ་ཁབ་ཀྱིས་གཙུག་ཆེན་བྱས་པ་དང་བསྟུན། བོད་བརྒྱུད་ནང་བསྟན་ལས་འཕྲོས་པའི་ལྷ་རིས་སྒྱུ་རྩལ་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཀྱི་ཁོངས་སུ་བདམས་ཡོད། སྤྱི་ལོ་དུས་རབས་བཅུ་བཞི་པ་ཡས་མས་སུ་བོད་བརྒྱུད་ནང་བ