རྡོ་ཁོ་མ་ཡིས་མི་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ།
2013.11.07 ཁུངས། ཀློག་གྲངས། 38

གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་གྱི་མཁར་ཤར་སྡོད་ཁུལ་དུ་མི་རྣམས་ཀྱིས་དུས་རྒྱུན་བོད་རིགས་བུད་མེད་ཅིག་གི་གཟུགས་བརྙན་མཐོང་ཐུབ་ལ། ཁྱིམ་ཚང་ལ་ལའི་ཆུ་སྦུག་གས་པ་དང་། ཁྱིམ་ཚང་ལ་ལར་མེ་སྐྱོན་བྱུང་བ། ཁྱིམ་ཚང་ལ་ལའི་མ་མཐའི་འཚོ་དངུལ་མ་བྱིན་པ་བཅས་དོན་གང་ཞིག་ཡིན་རུང་། ཁོ་མོ་ཐོག་མའི་དུས་ཚོད་ནང་གནས་དེར་ཐོན་ཡོད། ཁོ་མོ་ནི་ཆབ་ཆ་གྲོང་རྡལ་དང་གུང་ཧོ་རྫོང་གི་རིམ་པ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། སྡོད་ཁུལ་གྱི་ཀྲུའུ་རིན། མང་ཚོགས་ཀྱིས་བརྩེ་བའི་སྒོ་ནས“ཨ་ཅེ”ཞེས་འབོད་པའི་བོད་རིགས་བུད་མེད་རྡོ་ཁོ་མ་རེད།

སྡོད་ཁུལ་གྱི་བྱ་བ་སྤྱིར་བཏང་ཡིན་རུང་རྙོག་འཛིང་ཧ་ཅང་ཆེ། འོན་ཀྱང་རྡོ་ཁོ་མ་ཡིས1995ལོ་ནས་བཟུང་སྤྱིར་བཏང་གི་ལས་གནས་དེ་ནས་ལོ་བཅོ་བརྒྱད་ཀྱི་རིང་ལ་བྱ་བ་སྒྲུབ། ལོ་དེར། རྡོ་ཁོ་མ་ལ་འདེམས་ཤོག་མང་པོ་ཐོབ་ནས་ཆབ་ཆ་གྲོང་རྡལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བདམས་པ་དང་། སྔ་རྗེས་སུ་གུང་ཧོ་རྫོང་དང་། མཚོ་ལྷོ་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བདམས།

མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་མཚོན་ན་མི་དམངས་ཀྱི་མངག་བཅོལ་ཕྲག་ཏུ་འཁུར་ཡོད་ལ། མི་དམངས་ཀྱི་ཁེ་ཕན་མཚོན་བྱེད་བྱས་ཡོད། རྡོ་ཁོ་མ་ཡི